བོད་ནང་དམངས་ཁྲོད་ཀྱི་གནམ་ཐང་ལྔ་པ་སྒོ་ཕྱེ་ཡོད་པ།
2010.10.30
༄༅༎བོད་ནང་དམངས་ཁྲོད་ཀྱི་གནམ་ཐང་ལྔ་པའི་ཐོག་འགྲུལ་པ་དབོར་འགྲེན་བྱེད་འགོ་ཚུགས་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག
ད་རེས་གཟའ་སྤེན་པའི་སྔ་དྲོའི་ཚོུད་༩སྐར་མ་༥༠ཙམ་ལ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཅིའང་ཏང་གྲོང་ཚོའི་ནང་༣༡༩རྟགས་ཅན་གྱི་གནམ་གྲུ་ཐོག་མ་དེ་རྒྱ་ནག་གི་གྲན་ཏུ་གྲོང་ཁྱེར་ནས་ལྷ་ས་རྒྱུད་གཞིས་རྩེ་གནམ་ཐང་དུ་བབས་ནས་ བོད་ནང་གི་གནམ་ཐང་ཨང་ལྔ་པ་གཞིས་རྩེའི་གནམ་ཐང་དེ་བཞིན་ཕྱི་ཕྱོགས་སུ་དངོས་སུ་གོ་མོ་ཕྱེ་ཡོད་པ་རེད་ གཞིས་ཀ་རྩེའི་གནམ་ཐང་དེ་བཞིན་མཐོ་ཚད་རྒྱ་མཚོ་ནས་མི་གྲར་༣༧༨༢ཀྱི་སར་གནས་ཡོད་པ་དང་ བོད་ནང་གི་གནམ་ཐང་ཨང་ལྔ་པ་དེ་ཡིན་ཞིང་ དེ་མིན་གནམ་ཐང་ལྷ་ས་དང་ཉིང་ཁྲི་ ཆམ་མདོ་ ནག་རི་ས་ཁུལ་ཁག་ནང་ཡོད་པ་རེད་
གཞིས་ཀ་རྩེའི་གནམ་ཐང་དེ་ན་ནིང་རྒྱབ་འགོ་ཚུགས་ཡོད་པ་དང་ཁྱོན་ཨ་སྒོར་ས་ཡ་༧༩དང་གྲངས་ཆུང་བདུན་ཙམ་གྱི་མ་དངུལ་བཏང་ལུགས་རྒྱ་ནག་གཞུང་གིས་བརྗོད་ཀྱི་ཡོད་ཅིང་ བོད་ཀྱི་གནམ་གྲུའི་ཞབས་ཞུའི་ལས་ཁང་གི་དཔོན་རིགས་ཞུའུ་བའོ་ཟེར་བས་བརྗོད་དོན་ལྟར་ན་ གོང་ཞུས་གཞིས་རྩེའི་གནམ་ཐང་དེར་ཕྱི་ལོ་ཉིས་སྟོང་ཉི་ཤུ་བར་ལོ་ལྟར་འགྲུལ་པ་མི་གྲངས་འབུམ་གཉིས་དང་ཁྲི་གསུམ་ཙམ་དང་དངོས་ཟོག་ཀྲོན་༡༡༥༠ཙམ་དབོར་དྲོན་བྱ་རྒྱུའི་ཚོད་རྩིས་བྱེད་བཞིན་ཡོད་པ་བརྗོད་འདུག
རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ལྔའི་ནང་བོད་ནང་འཛུགས་སྐྲུན་ལས་གཞི་རྣམ་གྲངས་༡༨༨ཙམ་སྐྲུན་ནས་ཁྱོན་མ་དངུལ་ཐེར་འབུམ་༧༠ཙམ་བཏང་ལུགས་ཀྱིས་བོད་ནང་གི་དཔལ་འབྱོར་འཕེལ་རྒྱས་དང་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཐུས་གུ་ཚང་དུ་བཏང་ཡོད་ལུགས་བརྗོད་བཞིན་ཡོད་པ་རེད༎