ཨོ་སོ་ཀྲོ་ལི་ཡའི་ནང་བོད་ཀྱི་འདྲ་པར་འགྲེམས་སྟོན་གནང་འཆར།

ཨོ་སོ་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ལོ་ལྔ་བཅུ་རིང་རེ་སྒུག་དང་སྙིང་སྟོབས་ཞེས་པའི་བོད་ཀྱི་འདྲ་པར་འགྲེམས་སྟོན་དབུ་འབྱེད་གནང་འཆར།

2009.02.28

༄༅༎ལོ་འདི་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་དེ་ལོ་ལྔ་བཅུ་འཁོར་བ་དང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མིས་རྒྱ་མིའི་བཙན་དབང་ལ་ངོ་རྒོལ་གྱེན་ལངས་གནང་སྟེ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་ནས་ཨོ་སོ་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གསུམ་བཅུའི་དུས་དྲན་ཉིན་གྲོང་ཁྱེར་སི་ཌི་ནིའི་ནང་ལོ་ལྔ་བཅུ་རིང་རེ་སྒུག་དང་སྙིང་སྟོབས་ཞེས་པའི་བོད་ཀྱི་འདྲ་པར་འགྲེམས་སྟོན་དབུ་འབྱེད་གནང་འཆར་འདུག

རྡ་ཨོ་སོ་ཀྲོ་ལི་ཡེན་ཀྲི་སྦེཏ་ཀའོན་སིལ་ཞེས་ཨོ་སོ་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ནང་རྒྱ་གཞུང་གིས་དྲག་གནོན་ཆེ་བའི་བཙན་དབང་འོག་བོད་མི་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཕྱུག་པོ་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་སེམས་བརྟན་པོ་དང་བོད་མིའི་གཟི་བརྗིད་དབང་གནོན་བྱེད་མ་ཐུབ་པའི་བོད་མིའི་སྙིང་སྟོབས་མཚོན་པའི་འདྲ་པར་དཔེ་མི་སྲིད་པའི་ཡག་པོ་ལྔ་བཅུ་ཐམ་པའི་འགྲེམས་སྟོན་ཞིག་གསུམ་བཅུའི་དུས་དྲན་ཉིན་ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའུ་ཀྲི་ཨེ་པི་གེ་ལེ་རི་ཞེས་པའི་ནང་དབུ་འབྱེད་གནང་སྟེ་ཕྱི་ཚེས་ཉི་ཤུ་གཉིས་བར་མང་ཚོགས་ལ་སྟོན་འཆར་འདུག དེ་ནས་འགྲེམས་སྟོན་དེ་བཞིན་ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་སྦིརི་སི་སྦེན་ནང་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་ལྔ་ནས་ཕྱི་ཟླ་བཞི་པའི་ཚེས་ལྔ་བར་སྟོན་འཆར་དང་དེ་རྗེས་གྲོང་ཁྱེར་མེལ་སྦོན་ནང་ཕྱི་ཟླ་བཞི་པའི་ཚེས་བཅོ་ལྔ་ནས་ཕྱི་ཟླ་ལྔ་པའི་ཚེས་གསུམ་བར་སྟོན་འཆར་ཡོད་པ་རེད། བོད་སྐོར་གྱི་འད་པར་ལྔ་བཅུ་དེ་དག་ནི་བོད་ནང་དང་བཞུགས་སྒར་རྡ་རམ་ས་ལ་དེ་བཞིན་ཨོ་སོ་ཀྲོ་ལི་ཡའི་ནང་སྐྱོན་པ་དང་གོང་གི་འགྲེམས་སྟོན་དེའི་ནང་ཆབ་སྲིད་བཙོན་པ་ལི་ཐང་གི་རུང་རྒྱ་ཨ་གྲགས་ལགས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག།ཨ་མདོ་བླ་གྲང་དགོན་པའི་གྲྭ་འཇིགས་མེད་རྒྱ་མཚོ་ལགས།ཁམས་དཀར་མཛེས་གྲགས་དཀར་བཙུན་དགོན་གྱི་བཙུན་མ་སངས་རྒྱས་ལྷ་མོ་ལགས།ཕྱི་རྒྱལ་གྱི་རོགས་རམ་འོག་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨེཛ་ནད་གཞི་སྔོན་འགོག་ཐད་མང་ཚོགས་ལ་སློབ་སྟོན་གནང་མཁན་དབང་འདུད་ལགས་དེ་བཞིན་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བསྐྲུན་གནང་མཁན་དོན་གྲུབ་དབང་ཆེན་ལགས་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས་མང་ཚོགས་ཀྱིས་གཟིགས་ཐུབ་པའི་མཐུན་རྐྱེན་ཡོད་པ་རེད། བོད་སྐོར་གྱི་འགྲེམས་སྟོན་དེ་གནང་སྐབས་བོད་ཀྱི་རོལ་དབྱངས་དང་བོད་སྐོར་བགྲོ་གླེང་ཚོགས་འདུ།ནང་ཆོས་ངོ་སྤྲོད།བོད་སྐོར་གློག་བརྙན་གཟིགས་འབུལ་སོགས་ཀྱང་གནང་འཆར་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎