རྒྱ་རིགས་ལས་དོན་དང་འབྲེལ་བའི་ལོ་འཁོར་ཚོགས་འདུ།
2016.11.09

དེ་ཡང་ཕྱི་ཚེས་༩་ཉིན་རྡ་སྟེང་བོད་ཁྱིམ་གྱི་ཉེ་འཁྲིས་སུ་ཡོད་པའི་ཨིནྡྲ་པྲཱ་སི་ཐ་གསོལ་མགྲོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་རྒྱ་ཡིག་ཚན་པའི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་ལས་དོན་དང་འབྲེལ་བའི་ལོ་འཁོར་ཚོགས་འདུ་ཐེངས་བཞི་པ་དེ་དབུ་འཛུགས་གནང་འདུག
ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས། ཕྱི་དྲིལ་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས། དྲུང་འཕར་འཆི་མེད་ཚེ་དབྱངས་ལགས། ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་ཤར་ཙོང་བསྟན་འཛིན་བདེ་ལྡན་ལགས། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། ཨ་རིའི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས། ཟུང་དྲུང་བསོད་ནམས་རྡོ་རྗེ་ལགས། རྒྱ་ཡིག་ཚན་པའི་ལས་བྱེད།ཕྱི་དྲིལ་འཆར་འགོད་འགན་འཛིན་བཀྲ་ཤིས་དབྱངསའཛོམས་ལགས། འཕྲོད་བསྟེན་ལས་བྱེད་བསོད་ནམས་སྒྲོལ་མ་ལགས། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་རྒྱ་སྐད་ཚན་པའི་སློབ་མ་བཞི། ཨ་རི་ནས་རྒྱ་སྐད་ཤེས་མཁན་ན་གཞོན་བཞི། ཡུ་རོབ་ནས་རྒྱ་སྐད་ཤེས་མཁན་ན་གཞོན་གཅིག ཐེ་ཝན་ནས་རྒྱ་སྐད་ཤེས་མཁན་ན་གཞོན་གསུམ། མེག་ལོར་དུ་རྟེན་གཞི་བྱས་པའི་འབྲེལ་
ཡོད་ལས་ཁུངས་ཀྱི་ལས་བྱེད་གཉིས། ལྡི་ལིའི་ཤར་ཨེ་ཤི་ཡའི་ཞིབ་འཇུག་ལྟེ་གནས་ཁང་ནས་ཚོགས་བཅར་བ་བདུན་བཅས་མཉམ་འཛོམས་གནང་འདུག།
ཐོག་མར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཚོགས་
འདུ་དབུ་འཛུགས་དང་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་ནས་ཚོགས་བཅར་བ་རྣམས་ཀྱིས་རང་ཉིད་ངོ་སྤྲོད་གནང་རྗེས་སྲིད་སྐྱོང་མཆོག་གིས་སྤྱིར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་མི་རིགས་ལ་འཛིན་པའི་སྲིད་བྱུས་དང་ཕྱི་དྲིལ་རྒྱ་ཡིག་ཚན་པའི་ལས་དོན་གནང་ཕྱོགས་བཅས་ཀྱི་ཐོག་ལམ་སྟོན་གསུང་བཤད་གནང་། དེ་ནས་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་དྲི་བ་དྲིས་ལན་གནང་འདུག
ཉིན་རྒྱབ་དྲིལ་བསྒྲགས་དྲུང་ཆེས་རྒྱ་རིགས་དང་འབྲེལ་བའི་ལས་དོན་གནང་ཕྱོགས་ཐད་གསུང་བཤད་གནང་ཡོད་པ་དང། དེ་རྗེས་ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་གྱིས་རྒྱ་ཡིག་ཚན་པའི་ངོ་སྤྲོད་དང་ལས་དོན་གནང་ཕྱོགས་སྐོར་གསུང་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་པ་རེད། ཐེ་ཝན་སྐུ་ཚབ་དོན་གཅོད་ཀྱིས་རྒྱ་ནག་གཞུང་གི་སྤྱིར་བོད་ཐོག་འཛིན་པའི་
སྲིད་བྱུས་ལ་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་གང་འདྲ་ཕྱིན་ཡོད་མེད་དང་། དེ་དང་བསྟུན་ནས་རྒྱ་རིགས་དང་འབྲེལ་བའི་ལས་དོན་ཁ་ཕྱོགས་ལ་འགྱུར་བ་ག་རེ་གཏོང་དགོས་མིན་སོགས་ཀྱི་སྐོར་གསུང་བཤད་དང་དྲི་བར་དྲིས་ལན་གནང་ཡོད་ཅིང་། ཐེངས་འདིའི་ཚོགས་འདུ་འདི་བཞིན་ཕྱི་ཚེས་༩་ནས་༡༡་བར་ཉིན་གྲངས་གསུམ་རིང་འཚོགས་གནང་གི་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།