འབྲས་ལྗོངས་པས་ཀརྨ་པར་རྒྱབ་སྐྱོར་ཞུ་ཆེད་ལྡི་ལིར་ཕེབས་ཐོན།

ཀརྨ་པ་རིན་པོ་ཆེ་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཞུ་ཕྱིར་འབྲས་ལྗོངས་ནས་མི་གྲངས་༤༢༥རྒྱ་གར་གྱི་རྒྱལ་སར་ཕེབས་ཐོན་གནང་བ།

2011.02.02

༄༅༎དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཞུ་རྒྱུ་དང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་རིན་པོ་ཆེ་མཆོག་ལ་འཆལ་གཏམ་སྤེལ་བ་ཁག་གིས་འཛམ་གླིང་ནང་གི་ནང་པ་ཡོངས་ཀྱི་སེམས་ལ་ཕོག་ཐུག་གཏོང་གི་ཡོད་སྟབས། དེར་ངོ་རྒོལ་གནང་ཕྱིར་འབྲས་ལྗོངས་ནས་གྲ་བཙུན་དབུས་པས་མི་གྲངས་༤༢༥་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཕྱོཌ་སུ་ཕེབས་ཐོན་གནང་འདུག  ཀརྨ་པ་སྣེ་ལེན་ཚོཌ་ཆུང་གི་མགྲིན་ཚབ་ཐུཌ་མཆོག་ལ་ཆུང་པ་ལཌ་ཀྱིས་རྒྱལ་ས་ལྡི་ལིའི་ནང་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་རུ་ཁག་གཅིག་ཡོད་བཞིན་པ་རྣམས་ལ་རྒྱབ་སྐྱོར་ཞུ་རྒྱུའི་སླད་དུ་གོང་ཞུས་མི་སྣ་དེ་དག་འབྲས་ལྗོངས་ནས་ལྡི་ལིར་ཕེབས་ཐོན་གནང་སྐོར་ཁ་ས་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནང་གསར་འགོད་ལྷན་ཚོཌ་ཤིག་ཐོག་གསུངས་འདུག་ལ། ཡང་ཁོང་གིས་རྒྱལ་དབང་ཀརྨ་པའི་ཡང་སྲིད་ཀྱི་གནད་དོན་ཞེས་པ་དང་ཉེ་དུས་ཚུར་ཕུ་བླ་བྲང་ནས་དངུལ་ཐོན་པ་དེ་གཉིས་འབྲེལ་བ་རྩ་བ་ནས་མེད་པའི་གནད་དོན་ཐ་དད་གཉིས་ཡིན་པ་དང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་མཆོག་ནི་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཡིན་སྐོར་གསུངས་འདུག ཁོང་གིས་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་གཞི་མེད་སྐྱོན་འཛུཌ་ཞུས་པའི་སྐབས་འདིར་འབྲས་ལྗོངས་མི་མང་རྣམས་ཀྱིས་རང་གི་ཆོས་ཕྱོཌ་ཀྱི་དབུ་ཁྲིད་མཆོག་ལ་རྒྱབ་སྐྱོར་ཆ་ཚང་ཞུ་བཞིན་པ་ཡིན་སྐོར་དང་རིན་པོ་ཆེ་མཆོག་དགོན་པའི་ཕྱག་དངུལ་དོ་དམ་གནང་ཕྱོཌ་ལ་ཐད་ཀར་འབྲེལ་བ་གང་ཡང་མེད་པ་དང་ཀརྨ་པ་མཆོག་གི་སློབ་མ་འཛམ་གླིང་ཡོངས་ལ་ཁྱབ་ཡོད་པ་ལྟར། རྒྱ་ནག་ལ་ཡང་ཡོད་པ་དང་རྒྱ་གར་གྱི་ཉེན་རྟོག་པར་ལག་སོན་པའི་དངུལ་ཁག་སློབ་མ་རྣམས་ཀྱིས་རིན་པོ་ཆེ་མཆོག་ལ་བསྡོ་སྨོན་དང་ཞལ་འདེབས་སོཌ་ཕུལ་བ་ཡིན་ལུཌ་གསལ་བཤད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎