རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཚོགས་བཞིན་འདུག
2018.02.28

རྒྱ་གར་ཝཱ་ར་ཎཱ་སིར་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་ཚོགས་བཞིན་འདུག
རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་གོ་སྒྲིག་གནང་དགོས་དོན་ནི་བོད་ཀྱི་གསོ་བ་རིག་པ་དེ་བཞིན་ཇི་ལྟར་ཡིན་པ་དང་། དེ་ནི་འགྲོ་བ་མིའི་བདེ་ཐང་ལ་སྨན་པའི་གསོ་རིག་གཞུང་ལུགས་ཤིག་ཡིན་པ་མ་ཟད། བོད་ཀྱི་གསོ་རིག་ཀྱི་རིན་ཐང་དང་སྤུས་ཚད་ངོ་སྤྲོད་བྱས་ཏེ། ལོ་རྒྱུས་ལྡན་པའི་གསོ་རིག་གཞུང་ལུགས་དེས་ཆོས་ལུགས་དང་མི་རིགས་དབྱེར་མེད་ཀྱི་འགྲོ་བ་མིའི་རིགས་སྤྱིའི་ལུས་སེམས་གཉིས་ལ་གསོ་བཅོས་བྱེད་མཁན་ཞིག་ཡིན་པ་ངོ་སྤྲོད་གནང་རྒྱུར་དམིགས་པ་ཞིག་ཡིན་ལུགས་ཕྱི་ཚེས་༢༨ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
གསར་འགོད་གསལ་བསྒྲགས་དེའིརྒྱ་གར་ཝཱ་ར་ཎཱ་སིར་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་ཚོགས་བཞིན་འདུག་ནང་དོན་གཙོ་བོ་ནི་། དུས་རབས་བརྒྱད་པའི་ནང་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དཔེར་ན་རྒྱ་གར་དང་། རྒྱ་ནག Persia, བལ་ཡུལ་སོགས་ནས་གསོ་རིག་མཁས་དབང་གདན་ཞུས་ཀྱིས་བསམ་ཡས་སུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཐོག་མ་ཚོགས་པ་ནས་བཟུང་བོད་ཀྱི་གསོ་རིག་ཀྱི་འཕེལ་རིམ་གྱི་འགྱུར་ལྡོག་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་བསྒྱུར་གནང་བ་ནས་བཟུང་བོད་ཀྱི་གསོ་རིག་བསྐྱར་གསོ་དར་སྤེལ་མཛད་ནས་རྡ་རམ་ས་ལར་བོད་ཀྱི་སྨན་རྩིས་ཁང་དང་།
རྡོ་རྗེ་གླིང་དུ་ལྕགས་པོ་རི་དྲན་རྟེན་ཁང་། ལ་དྭགས་སོགས་ལ་བོད་ཀྱི་གསོ་རིག་སློབ་གཉེར་ཁང་བཙུགས་ནས་རིམ་བཞིན་སྨན་པ་གསོ་སྐྱོང་གནང་བ། ལྷག་པར་དུ་བོད་ཀྱི་གསོ་རིག་ལག་ལེན་དང་སྨན་པའི་སྤུས་ཚད་ལེགས་སུ་གཏོང་རྒྱུར་དམིགས་ཏེ་༢༠༠༤ ལོར་དེའི་ཐོག་ལ་ལྟ་རྟོགས་གནང་མཁན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཞེས་པ་གསར་འཛུགས་གནང་སྟེ་། ད་ལྟ་བར་ལྷན་ཚོགས་དེའི་ནང་ལ་ཚད་ལྡན་བོད་ཀྱི་གསོ་རིག་མཐོ་སློབ་ཁང་ལྔ་དང་། སྨན་པ་༤༦༧ སྨན་སྦྱོར་ཁང་ལྔ་དེབ་སྐྱེལ་བྱས་པ་སོགས་ཀྱི་འཕེལ་རྒྱས་བྱུང་ཡོད་ཀྱང་། ཡར་རྒྱས་ལ་མཐའ་མེད་པ་ལྟར་། རྒྱལ་སྤྱིའི་ནང་བོད་ཀྱི་གསོ་བ་རིག་པ་ལག་ལེན་བྱེད་མཁན་ཕན་ཚུན་ཉམས་མྱོང་བརྗེ་ལེན་གནང་རྒྱུ་གལ་ཆེར་གཟིགས་ཏེ་། ༢༠༡༢ ལོར་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཐེངས་གཉིས་པ་དེ་བཞུགས་སྒར་རྡ་རམ་ས་ལར་ཚོགས་པ་དང་། ད་རེས་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཐེངས་གསུམ་པ་འདི་བཞིན་སྤྱི་ཟླ་༢ ཚེས་༢༥ ནས་ཕྱི་ཟླ་༣ ཚེས་༡ བར་རྒྱ་གར་གྱི་གནས་མཆོག་ཝཱ་ར་ཎཱ་སིར་ཆགས་པའི་ཝ་ན་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་དེའི་ཐོག་བོད་མི་དང་། རྒྱ་ནག རྒྱ་དཀར་། བལ་ཡུལ་དང་འབྲུག་ཡུལ་། སོག་པོ་དང་ར་ཤི་ཡ་། ནུབ་ཕྱོགས་ནས་མཁས་དབང་བཅས་ཁྱོན་རྒྱལ་ཁབ་༢༥ ཙམ་གདན་ཞུ་གནང་ཐོག་རྒྱ་དཀར་དང་བོད་ཅེས་སྨན་གྱི་ལུགས་ཆེན་གསུམ་གཞིར་བཞག་གི་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་བགྲོ་གླེང་གནང་བཞིན་ཡོད་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་སྐོར་ལ་དཔྱད་རྩོམ་གྲངས་༢༠ ཙམ་ཕུལ་འབྱོར་བྱུང་བའི་ནང་ནས་དཔྱད་རྩོམ་༡༢ དྲག་འདེམས་གནང་སྟེ་ལྷན་ཚོགས་དེའི་ཐོག་ངོ་སྤྲོད་གནང་བཞིན་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།