ཧི་མ་ཅལ་ཨ་བྷི་ཨ་བྷི་གསར་ཁང་བཙུགས་ཏེ་ལོ་གསུམ་འཁོར་བའི་མཛད་སྒོ་ཐོག་༧གོང་ས་མཆོག་ནས་བཀའ་སློབ།


2018.06.02
ཧི་མ་ཅལ་ཨ་བྷི་ཨ་བྷི་གསར་ཁང་བཙུགས་ཏེ་ལོ་གསུམ་འཁོར་བའི་མཛད་སྒོ་ཐོག་༧གོང་ས་མཆོག་ནས་བཀའ་སློབ། ༢༠༡༨།༦།༢།ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་དུ་རྟེན་གཞི་བྱེད་པའི་ཧི་མ་ཅལ་ཨ་བྷི་བྷི་ཞེས་པའི་གསར་ཁང་བཙུགས་ནས་ལོ་གསུམ་འཁོར་བའི་དུས་དྲན།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་འོད་ཟེར།

༄༅། །དེ་རིང་ཕྱི་ཟླ་༦པའི་ཚེས་༢ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧི་མ་ཅལ་མངའ་སྡེའི་ཀངྒ་ར་ཁུལ་རྟེན་གཞི་བྱས་པའི་ཧི་མ་ཅལ་ཨ་བྷི་ཨ་བྷི(Himachal.abhiabhi) ཞེས་པའི་གསར་འགྱུར་ལས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན། གསར་ཁང་དེ་ཚུགས་ནས་ལོ་གསུམ་ཕྱིན་པའི་དུས་དྲན་མཛད་སྒོར་ཆིབས་བསྒྱུར་བསྐྱངས་གནང་མཛད་འདུག།
གསར་ཁང་འགན་འཛིན་སྐུ་ཞབས་Balajiཡིས་ཕེབས་བསུ་ཞུས་རྗེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་དོན། རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་ནང་བཟོད་སྲན་དང་འཚེ་བ་མེད་པའི་ལྟ་གྲུབ་ཆོས་ལུགས་ཕན་ཚུན་དབར་ཞི་མཐུན་མཉམ་གནས་ཡོད་པ་དེ། དེང་སང་གི་དུས་སུ་དགོས་གལ་ཆེན་པོ་ཆགས་ཡོད་པའི་སྐོར་བཀའ་གནང་སྟེ། ༧གོང་ས་མཆོག་ནི་རྒྱ་གར་གནའ་རབས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྗེས་འབྲངས་པ་ཞིག་ཡིན་པ་མ་ཟད། དཔལ་ན་ལེནྡྲ་ནས་དར་བའི་ལེགས་བཤད་དེ་དག་ཉམས་ལེན་གནང་མཁན་རྒྱ་གར་གྱི་སློབ་མ་ཞིག་ཀྱང་ཡིན་པའི་སྐོར་བཀའ་གནང་འདུག
རྒྱ་གར་ནང་གི་རིག་གཞུང་རྙིང་པ་བསྐྱར་གསོ་ཐུབ་ཐབས་སུ་འབད་བརྩོན་བྱེད་པའི་འགན་ལོ་ངོ་མང་པོའི་རིང་ནང་ཆོས་སློབ་གཉེར་གནང་མཁན་བོད་པའི་གྲ་བཙུན་ཚོར་ཡོད་པ་དང་། ༧གོང་ས་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་པ་དེ་ཡིན་པའི་སྐོར་བཀའ་གནང་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎