འབྲས་སྤུངས་སྒོ་མང་གྲྭ་ཚང་གི་སོག་པོ་རྒན་རྗེ་བཙུན་རྡོ་རྗེ་མཆོག་ལ་ལྷ་རམས་ལོ་རིམ་གཉིས་པའི་རྒྱུགས་སྤྲོད་ནང་ཨང་དང་བོའི་མཚན་སྙན་ཐོབ་ཡོད་པ།
2017.10.21

༄༅། །འདི་གར་འབྲུས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཟླ་བ་འདིའི་སྤྱི་ཚེས་༢༡ཉིན་སྤྱི་ལོ་༢༠༡༧ལོའི་དགེ་ལུགས་པའི་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་། ད་ལོའི་དགེ་ལུགས་པའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ལྷ་རམས་ལོ་རིམ་གཉིས་པའི་རྒྱུགས་སྤྲོད་ནང་ཨང་དང་པོ་དེ་ཆེན་པོ་ཧོར་ནས་ཕེབས་པའི་རྒན་རྗེ་བཙུན་རྡོ་རྗེ་མཆོག་ཡིན་ཞིང་། ཁོང་ནི་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་སོག་པོའི་གྲྭ་རྒྱུན་ཅུང་སྔ་ཤོས་ཀྱི་གྲས་ཡིན་པ་དང་། ད་བར་བཙན་བྱོལ་ནང་གི་སོག་པོའི་ལྷ་རམས་པ་ཐོག་མ་དེའང་ཆགས་ཡོད་པ་རེད། སྤྱི་ལོ་༢༠༡༧ ལོའི་དགེ་ལྡན་པའི་ལོ་འཁོར་རྒྱུགས་སྤྲོད་དེ་གདན་ས་ཆེན་པོ་འབྲས་སྤུངས་ནས། སྤྱི་ཟླ་ ༨ ཚེས་ ༢༦ ཉིན་དབུ་འཛུགས་གནང་བ་དང་། སྤྱི་ཟླ་༩ ཚེས་ ༡༧ ཉིན་མཇུག་སྡོམ་ཚོགས་འདུ་གནང་རྗེས། གདན་གསུམ་གྱི་གྲྭ་ཚང་དྲུག་གི་རྒྱུགས་ཞིབ་པ་བཀའ་རམས་འབྱམས་དགེ་བའི་བཤེས་གཉེན་སུམ་ཅུ་ནས་སྡེ་ཚན་བཅུ་རུ་བགོས་ཏེ་གཞུང་ཆེན་བཀའ་པོད་ལྔའི་རྩོད་རྒྱུགས་བཞེས་བ་དང་།
རྒྱུགས་སྤྲོད་ལྟ་རྟོག་པ་དགེ་བཤེས་བཅུ་ནས་བྲིས་རྒྱུས་སྐབས་ལྟ་རྟོག་དང་དོ་དམ་པའི་ཕྱག་རོགས་སོགས་བརྒྱུད། མཐའ་འབྲས་སྤྱི་ཟླ་བཅུ་བའི་སྤྱི་ཚེས་༢༡ཉིན་གསལ་བསྒྲགས་གནང་བ་ཞིག་ཡིན་འདུག དེ་མིན་གདན་ས་གྲྭ་ཚང་དྲུག་དང་། བཀྲིས་ལྷུན་པོ། རྭ་སྟོད་བཅས་ནས་རྒྱུགས་སྤྲོད་པ་ལོ་རིམ་དྲུག་གི་སློབ་གཉེར་བ་མི་གྲངས་༧༤༦ ད་ལོའི་དགེ་ལུགས་པའི་རྒྱུགས་སྤྲོད་ཆེན་མོའི་ནང་ཞུགས་ཡོད་པ་རེད།།
གསར་འགོད་པ་ལྕགས་མོ་འཚོ།