རྒྱལ་ཡུམ་ཆེན་མོའི་རྐང་རྩེད་༢༡།


2015.05.31
རྒྱལ་ཡུམ་ཆེན་མོའི་རྐང་རྩེད་༢༡། རྒྱལ་ཡུམ་ཆེན་མོའི་རྐང་རྩེད་༢༡དབུ་འཛུགས་གནང་བ།
འཇིགས་མེད་སྙན་གྲགས།

༄༅༎ཕྱི་ཟླ་༥་ཚེས་༣༠ཉིན་བཞུགས་སྒར་རྡ་རམ་ས་ལར་རྒྱལ་ཡུལ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༡པ་དབུ་འཛུགས་གནང་བཞག དེ་ཡང་བོད་ཀྱི་བང་ཆེན་ཀྱི་གནས་ཚུལ་སྤེལ་བར་གཞིགས་ན།ཁ་ས་ཉིན་རྒྱབ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་སྟེ་རྒྱལ་ཡུལ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༡པ་དེ་རྡ་སྟེང་བོད་ཁྱིམ་སློབ་གྲའི་རྩེད་ཐང་དུ་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་།སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་དབུས་བཀའ་བློན་དང་།སྤྱི་འཐུས་ཁག་ཅིག དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་།ས་གནས་མི་མང་སོགས་མི་ཚོགས་ཧ་ཅང་ཆེན་པོ་འདུ་འཛོམས་བྱུང་བཞག མཛད་སྒོའི་ཐོག་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་ཀྱིས་བོད་ཀྱི་རྩེད་རིགས་ཚོགས་པའི་ངོ་སྤྲོད་གནང་བཞག མཛད་སྒོ་དངོས་གཞི་གྲུབ་མཚམས་ཐོག་མར་བལ་ཡུལ་པོག་རའི་རུ་ཁག་དང་ ཅན་རྡི་སྒར་རུ་ཁག་དབར་འགྲན་བསྡུར་བྱས་ཏེ་པོག་ར་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།འདི་ལོ་ རྒྱལ་ཡུལ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་རྒྱ་གར་དང་།བལ་ཡུལ།ཕྱི་རྒྱལ་བཅས་ནས་རྩེད་འགྲན་རུ་ཁག་༢༨ཀྱི་མཉམ་ཞུགས་གནང་ཡོད་པ་དང་།ཉི་མ་རེར་རུ་ཁག་བརྒྱད་རེའི་དབར་རྩེད་འགྲན་བྱས་ཏེ་ ཕྱི་ཟླ་༦ཚེས་༣༠་ཉིན་མཐའ་མའི་འགྲན་བསྡུར་བྱ་རྒྱུ་ཡིན་འདུག བོད་ཀྱི་རྩེད་རིགས་ཚོགས་པ་དེ་ཕྱི་ལོ་༢༠༠༢ལོར་གསར་འཛུགས་གནང་ཡོད་པ་དང་ ཚོགས་པ་དེས་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་འདེམས་སྒྲིག་དང་ རྒྱལ་ཡུལ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གོ་སྒྲིག་ཞུ་རྒྱུ་སོགས་ཀྱི་ཐུགས་འགན་བཞེས་ཀྱི་ཡོད་པ་རེད།།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎