ཨ་རིའི་རྒྱལ་སར་དྲུག་བཞིའི་དུས་དྲན་སྲུང་བརྩི་ཞུས་འདུག

ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་དམངས་གཙོ་དོན་གཉེར་བ་ཚོས་དྲུག་བཞིའི་དུས་དྲན་ལ་སྲུང་བརྩི་ཞུས་འདུག

2009.06.05

༄༅༎ཁ་ས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་དམངས་གཙོ་དོན་གཉེར་བ་དེ་བཞིན་༡༩༨༩འི་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེའི་ནང་ཞུགས་མྱོང་མཁན་ཁག་ཅིག་སོགས་མི་སྣ་མང་པོ་ཞིག་འདུ་འཛོམས་ཀྱིས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུས་ཡོད་པ་རེད།

འདུ་འཛོམས་དེའི་ཐོག་གསུང་བཤད་གནང་མཁན་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་སློབ་ཕྲུག་ཐོག་ལྕགས་ཁྲབ་འཁོར་ལོ་དང་མེ་མདའ་བེད་སྤྱད་ནས་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པར་ཁ་རྡུང་བཏང་གནང་ཡོད་ཅིང་དེའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ནས་གསུང་བཤད་གནང་བའི་ནང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་མུ་མཐུད་ནས་རྒྱ་ནག་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་ཐོག་ཐོན་པའི་འབྲས་བུ་ལྟར་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ཐོན་ཐུབ་པའི་འབོད་སྐུལ་མུ་མཐུད་ཞུ་རྒྱུ་ཡིན་ཞེས་དང་ཡང་ཁོང་གིས་གལ་སྲིད་ང་ཚོས་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་རྒྱབ་སྐྱོར་མ་བྱས་ཚེ་ང་ཚོས་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གླེང་སློང་བྱེད་ཡས་ཀྱི་ཐོབ་ཐང་ཡོངས་སུ་བྲལ་བ་ལྟ་བུར་འགྱུར་རྒྱུ་ཡིན་པ་རེད་ཅེས་གསུང་ཡོད་འདུག

དེ་བཞིན་འདུ་འཛོམས་དེའི་ཐོག་རྒྱ་མི་རིགས་ཀྱི་འཐུས་མི་ཁག་ཅིག་ཀྱང་གསུང་བཤད་གནང་ཡོད་པ་དང་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་དུས་ཡུན་ལོ་ངོ་བཅུ་དགུ་ཙམ་བཞུགས་མྱོང་ཡོད་པ་སྐུ་ཞབས་ཧེ་རི་ལྦུའུ་ནས་ཉེ་བའི་ཆར་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་དུས་དྲན་ལ་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་མང་པོ་ཞིག་མངོན་གསལ་ཆུང་དུ་འགྲོ་བཞིན་ཡོད་ཅིང་དེ་ནི་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཀྱིས་ཨ་རིའི་ནང་ཤུགས་རྐྱེན་ཤུགས་ཆེ་རུ་འགྲོ་བཞིན་ཡིན་པའི་སྐོར་གསུངས་གནང་ཡོད་ཅིང་དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལྦ་ཤིང་ཀྲོན་མངའ་ཁུལ་ལྟེ་གནས་ཁང་གི་འགན་འཛིན་ཊི་ཀུ་མའར་ཡིས་གསུང་ན་ཨ་རིའི་སྲིད་འཛིན་ལས་ཁང་དང་ཕྱི་སྲིད་ལས་ཁང་གིས་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་ཙམ་བཏོན་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎