བལ་ཡུལ་དུ་བོད་པའི་སློབ་ཕྲུག་ལ་ཡིག་རྒྱུགས་གྲུབ་འབྲས་ལེགས་སོན།
2015.10.16

ཕྱི་ལོ་༢༠༡༥ལོའི་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་བོད་པའི་སློབ་ཕྲུག་ཚོའི་གྲུབ་འབྲས་བཟང་པོ་ཐོབ་ཡོད་འདུག
དེ་ཡང་ཉིས་སྟོང་བཅོ་ལྔ་ལོའི་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཐོན་པའི་ཡིག་རྒྱུགས་ནང་བལ་ཡུལ་ནང་ཡོད་པའི་རྣམ་རྒྱལ་མཐོ་རིམ་སློབ་གྲ་གཙོས
པའི་བོད་པའི་སློབ་གྲ་ཁག་གི་སློབ་མ་༥༡ཡིག་རྒྱུགས་ནང་མཉམ་བཞུགས་བྱས་ཡོད་པ་དང་། ད་ལོའི་ཡིག་རྒྱུགས་ཀྱི་འབྲས་བུ་ཕྱི་ཟླ་བཅུ་པའི་ནང་ཕྱིར་བསྒྲགས་བྱས་པ་ལྟར་ན། བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཐོན་པའི་ཡིག་རྒྱུགས་ནང་ཞུགས་མཁན་བོད་པའི་སློབ་ཕྲུག་༥༡ཡོངས་རྫོགས་ཡིག་རྒྱུགས་ཚད་གཞི་ལོན་ཡོད་པ་མ་ཟད། སློབ་ཕྲུག་དེ་དག་ནང་ནས་ཨང་རིམ་མཐོ་ཤོས་ཚེ་རིང་སྒྲོལ་མ་ལགས་བརྒྱ་ཆ་༧༥དང་གྲངས་ཆུང་༨༩ཟིན་ཡོད་པ་དང་། ཚེ་རིང་དབང་མོ་གུ་རུ་ལགས་བརྒྱ་ཆ་༧༡དང་གྲངས་ཆུང་༥༠ཟིན་ཡོད་ཅིང་། དེ་བཞིན་བསོད་ནམས་བུ་ཁྲིད་ལགས་བརྒྱ་ཆ་༧༠དང་གྲངས་ཆུང༤༧ཟིན་ཡོད་འདུག བལ་ཡུལ་ནང་ས་ཡོམ་དང་། ཆབ་སྲིད་ཀྱི་དཀའ་རྙོག་ཀྱི་དཀའ་ངལ་འཕྲད་མིན་ལ་མ་ལྟོས་པར་རྣམ་རྒྱལ་མཐོ་རིམ་སློབ་གྲའི་དགེ་སློབ་ཡོངས་ཀྱིས་འབད་བརྩོན་བྱས་པར་བརྟེན་ནས་ད་རེས་བལ་ཡུལ་རྒྱལ་ཡོངས་འཛིནརིམ་བཅུ་གཉིས་པའི་ཡིག་རྒྱུག་ནང་། བོད་པའི་སློབ་ཕྲུག་ཚོར་གྲུབ་འབྲས་བཟང་པོ་ཐོབ་ཡོད་པར་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལྷན་ཁང་གིས་བསྔགས་བརྗོད་གནང་ཡདོ་འདུག།
གསར་འགོད་པ་འཆི་མེད།