༢༠༡༢ལོའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས།

དེ་རིང་ཚེས་༡༧ཉིན་བཞུགས་སྒར་རུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ ༢༠༡༢ ལོའི་འགྲོ་བ་མིིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་འདུག

2013.01.17

༄༅།    །ཕྱི་ལོ་༢༠༡༢ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་གཞིར་བཟུང་བྱས་ན།    སྔ་ལོའི་ནང་བོད་ནང་ཆབ་སྲིད་བཙོན་པ་༩༨༨ ཡོད་པའི་གནས་ཚུལ་མཁྱེན་རྟོགས་བྱུང་སྐོར་གསར་འགོད་ལྷན་ཚོགས་ཐོག་གསལ་འདོན་གནང་བཞག    བོད་ནང་གི་འགྲོ་བ་མིིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་།  སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་།  གང་བྱུང་འཇུ་བཟུང་དང་བཀག་ཉར། གར་སོང་ཆ་མེད།  མནར་གཅོད། དྲང་བདེན་མིན་པའི་ཁྲིམས་ཆད།   ཆོས་དད་རང་དབང་གི་ཐོབ་ཐང་སོགས་ཀྱི་སྐོར་མ་ཟད། བོད་ནང་གི་ཆབ་སྲིད་བཙོན་པའི་གྲངས་དང་། མཚན་གཞུང་། དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་མཚན་དང་། གྲངས་ཀ འབོད་སྒྲ་བཅས་གནས་ལུགས་ཞིབ་ཕྲ་བཀོད་ཡོད་པ་རེད་འདུག ད་རེས་ཀྱི་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་ནས་བོད་ཀྱི་དངོས་ཡོད་གནས་སྟངས་དང་མི་འཚམ་པ་དང་། བོད་མིའི་མངོན་འདོད་དང་མི་མཐུན་པའི་སྲིད་ཇུས་ཀྱི་བྱ་ཐབས་འོག  བོད་མི་ཚོ་འུ་ཐུག་ཐབས་ཟད་ཀྱིས། རང་ལུས་མེར་སྲེག་གིས་ཞི་རྒོལ་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་སྟེ་ ༢༠༠༩ ནས་བཟུང་ད་བར་བོད་ནང་གི་བོད་མི་༩༥ ཙམ་གྱིས་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་ཇུས་ལ་ངོ་རྒོལ་གྱིས།    རང་ལུས་མེར་སྲེག་བཏང་ཡོད་པ་དང་། ལྷག་དོན་དུ་༢༠༡༢ གཅིག་པུར་བོད་མི་༨༢ ཀྱིས་རང་ལུས་མེར་སྲེག་བཏང་ཡོད་པ་རེད། རྒྱ་གཞུང་གིས་བོད་མིའི་དགོས་འདུན་ལ་སྣང་མེད་ཀྱིས་ དྲག་རྡུང་དང་གཉའ་གནོན་འོག  འདས་པོ་ཚོའི་སྐུ་ཕུང་ཡང་ནང་མི་སྤུན་མཆེད་ཚོར་རྩིས་སྤྲོད་མ་བྱས་པར། བཙན་ཁྱེར་བྱས་པ་སོགས་མི་ཆོས་ལས་འགལ་བའི་བྱ་སྤྱོད་སྤེལ་གྱི་ཡོད་སྐོར་གསལ་འདོན་གནང་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་གསུང་དོན།  ང་ཚོས་ཤེས་རྟོགས་བྱུང་བར་བོད་ནང་གི་བཙོན་ཁང་ཁག་ལ་བཙོན་འཇུག་བྱེད་བཞིན་པའི་ཆབ་སྲིད་བཙོན་པ་གྲངས་༩༨༨ དང་ ཕྱི་ལོ་༢༠༡༢ ལོ་གཅིག་པུར་བོད་ནང་བོད་མི་འཇུ་བཟུང་བྱས་པ་༢༦༩ དང་། ཁྲིམས་ཐག་བཅད་པའི་གྲངས་༢༩ ཙམ་བྱུང་ཡོད་པ་བཅས་གསལ་འདོན་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎