བོད་རང་བཙན་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཉི་ཤུ།


2015.02.23
རེབ་གོང་ཕྱོཊ་སུ་ལོ་གསར་སྐབས་རྒྱ་ནག་གིས་དམ་དྲག ༢༠༡༥།༢ རེབ་གོང་ཕྱོཊ་སུ་ལོ་གསར་སྐབས་རྒྱ་ནག་གིས་དམ་དྲག ༢༠༡༥།༢
ཀུན་བཟང་བསྟན་འཛིན། བོད་འབྱོར།

རྒྱ་ནག་གཞུང་གིས་རེབ་གོང་ཕྱོཊ་སུ་བོད་རང་བཙན་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཉི་ཤུ་ཞེས་པའི་ཡིག་ཆ་ཞིག་བཀྲམ་ཡོད་འདུག
དེ་ཡང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་རེབ་གོང་ས་གནས་རྒྱ་གཞུང་གིས་ཉེ་བའི་ཆར་བོད་རང་བཙན་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཉི་ཤུ་ཞེས་པའི་ཡིག་ཆ་བཀྲམས་ཡོད་པ་དང་།  ལོ་གསར་པ་སླེབས་པའི་སྔ་ནུབ་ཏུ་དམག་མི་སྔར་ལས་ཇེ་མང་དུ་བཏང་ཡོད་པའི་སྐོར་ས་གནས་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་བརྗོད་འདུག གནས་ཚུལ་ནང་བཀོད་པར་གཞིགས་ན། བོད་རང་བཙན་གྱི་དར་ཆ་བསྒྲེངས་པ་དང་། སྦྱར་ཡིག་སྦྱར་བ། གཏམ་གླེང་སྤེལ་བ། མི་རིགས་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་སྤེལ་བ། ས་གནས་ནང་ཁྲིམས་འགལ་གྱི་ལས་འགུལ་སྤེལ་བ། དེ་ནས་སྐད་ཡིག་སྲུང་སྐྱོབ་དང་། སྲོག་ཆགས་སྲུང་སྐྱོབ་ལ་སོགས་པའི་མིང་ཐོག་ནས་མི་མང་འདུ་འཛོམས་ཀྱིས་ཁྲིམས་འགལ་གྱི་ལས་འགུལ་སྤེལ་བ། དེ་བཞིན་དྲ་ལམ་དང་། སྐད་འཕྲིན་བརྒྱུད་ནས་བོད་རང་བཙན་གྱི་ལས་འགུལ་སྤེལ་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རིགས་ལ་རྒྱལ་ཁབ་ཀྱི་ཁྲིམས་གཞིར་བཟུང་ཉེས་ཆས་གཏོང་རྒྱུ་ཡིན་པ་སོགས་ཀྱི་ཡིག་ཆ་འགྲེམས་སྤེལ་བྱས་ཡོད་པ་དང་། ཉེ་བའི་ཆར་རེབ་གོང་ས་གནས་སུ་རྒྱ་ནག་གཞུང་གིས་སྟངས་འཛིན་དམ་དྲག་གི་གནས་སྟངས་འོག་ས་གནས་རྒྱ་གཞུང་གི་ལས་བྱེད་ཡོང་སྟེ་ཚོགས་འདུ་འདུ་སྐོངས་ཀྱིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་དགའ་མོས་བྱེད་དགོས་པ་དང་། སྲིད་གཞུང་གིས་བོད་མི་ཡོངས་ཀྱི་འཚོ་བའི་ཐོག་ཕན་ཐོགས་རྒྱ་ཆེ་བྱེད་བཞིན་ཡོད་པས་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ཅེས་དང་། གནས་ཚུལ་ངོ་སྤྲོད་པས། ད་རེས་ཡིག་ཆ་དེའི་ཐོག་ནས་བོད་རང་བཙན་ཟེར་བ་དང་། རང་བཙན་ལ་བསམ་བློ་ཡོད་མཁན་རྣམས་ལ་རྡུང་རྡེག་དང་། བཙོན་འཇུག་བྱེད་རྒྱུའི་འཇིགས་སྐུལ་བྱས་པ་ཞིག་ཡིན་པ་བརྗོད་ཡོད།
དེ་བཞིན་བོད་ཀྱི་ལོ་གསར་སྐབས་རྔ་བ་དང་། རེབ་གོང། བླ་བྲང་ཕྱོགས་སུ་དམག་མི་མང་པོ་འགྲེམས་འཇོག་བྱས་ནས་དམ་དྲག་ཤུགས་ཆེ་བྱ་བཞིན་ཡོད་པ་ཡང་ངོ་སྤྲོད་གནང་འདུག

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎