ཁམས་ནང་ཆེན་ཁུལ་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་༡༧པ་འཚོགས་བཞིན་པ།


2018.11.02
ཁམས་ནང་ཆེན་ཁུལ་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་༡༧པ་འཚོགས་བཞིན་པ། ཁམས་ནང་ཆེན་ཁུལ་དུ་འཛམ་གླིང་ཞི་བདེའི་ཆེད་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་༡༧པ་འཚོགས་བཞིན་པ།
བོད་འབྱོར།

༄༅། །ཁམས་ནང་ཆེན་ཁུལ་དུ་འཛམ་གླིང་ཞི་བདེའི་ཆེད་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་༡༧པ་དེ་འཚོགས་བཞིན་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱལ་དབང་ཀརྨ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་སྐུ་པར་གདན་ཞུས་སྐབས་མང་ཚོགས་ནས་དད་གུས་ཆེན་པོས་བསུ་བ་ཞུས་ཡོད་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྙན་དང་བཅས་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། བོད་ཟླ་ ༩ ཚེས་ ༢༢ དང་ཕྱི་ཟླ་༡༠པའི་ཚེས་༣༡ལྷ་བབས་དུས་ཆེན་དང་སྟབས་བསྟུན།  བཀའ་བརྒྱུད་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་ཡོད་ཅིང་།  ཚོགས་ཡུལ་ནི་ཁམས་ནང་ཆེན་རྫོང་གི་བཀའ་བརྒྱུད་ཇ་བ་དགོན་པ་ཡིན་པ་དང་། དེ་ཡང་ཇ་བ་དགོན་གྱི་དབུ་བླ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་མཆོག་ནས་ཕྱི་ལོ་༢༠༠༠ ཐམ་པ་ལོ་ནས་བཟུང་འཛམ་གླིང་ཞི་བདེའི་ཆེད་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ཐོག་མ་དབུ་འཛུགས་གནང་པ་ནས་བཟུང་། སྨོན་ལམ་དུ་བཅར་མཁན་ལོ་རེ་བཞིན་མི་ཚོགས་ཇེ་མང་དང་གྲ་ཇེ་རྒྱས་སུ་འགྲོ་བཞིན་ཡོད་པ་གནས་ཚུལ་མཁོ་སྤྲོད་པ་དེས་ངོ་སྤྲོད་གནང་ཡོད་པ་རེད། འདི་ལོའི་ཉིན་ལྔ་རིང་ཚོགས་བཞིན་པའི་སྨོན་ལམ་ཚོགས་ཐོག་ཏུ་རིས་མེད་ཀྱི་གྲྭ་བཙུན་༤༠༠༠ལྷག་ཙམ་དང་ཡང་བོད་ཀྱི་ས་ཕྱོགས་གང་ས་ནས་མི་སྐྱ་སྟོང་ཚོ་མང་པོ་འཛོམས་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
སྨོན་ལམ་ཚོགས་ཆེན་དེའི་ཐོག་མཁན་སྤྲུལ་དགེ་བའི་བཤེས་གཉེན་ ༩༠ལྷག་ཙམ་ཕེབས་ཡོད་པ་དེ་དག་རེས་མོས་ཀྱིས་ཉིན་ལྟར་མང་ཚོགས་ལ་གསུང་ཆོས་དང་བླང་དོར་སློབ་གསོ་གནང་བཞིན་འདུག  སྨོན་ལམ་ཐོག་མི་ཚོགས་ཧ་ཅང་མང་པོ་འདུ་འཛོམས་འབྱུང་རྒྱུ་ཡིན་ལྟར་གད་སྙིག་མང་པོ་ཐོན་རྒྱུ་ངེས་པ་ཡིན་སྟབས།  ཁོར་ཡུག་གཙང་བཟོ་དང་འཕྲོད་བསྟེན་ཐོག་དམིགས་བསལ་དོ་འཁུར་གནང་བཞིན་ཡོད་འདུག གཞན་ཡང་འདི་ག་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན་ལྷ་བབས་དུས་ཆེན་ཉིན་ལྷ་ལྡན་གཙུག་ལག་ཁང་སོགས་སུ་མཆོད་འབུལ་གནང་མཁན་རྒྱུན་ལྡན་ལས་མང་བ་ཡོད་པ་དང་། དེ་བཞིན་སློང་མོ་བ་ཡང་ཇེ་མང་དུ་སོང་ཡོད་པ་ལྟར་བོད་མི་ཚོས་སྒོར་མོ་དང་ཟས་ཀྱི་སྦྱིན་གཏོང་རྒྱ་ཆེ་བྱས་ཡོད་འདུག་ཅིང་། ཡང་དད་ལྡན་མཆོད་མཇལ་བ་དེ་དག་གི་ཁྲོད་དམག་ཆས་གྱོན་པ་དང་མི་གྱོན་པའི་བདེ་སྲུང་མི་སྣ་བཀྲམས་ནས་ལྟ་རྟོག་དང་དམ་དྲག་ནན་པོ་བྱས་ཡོད་འདུག་ལ། དམིགས་བསལ་གཙུག་ལག་ཁང་དུ་མཆོད་མཇལ་དུ་འགྲོ་མཁན་ཚོར་གཟབ་ནན་གྱིས་ལྟ་སྲུང་བྱས་ཡོད་འདུག།

གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎