གསུམ་བཅུའི་དུས་དྲན་ཚེས་ལ་ཉེ་བའི་སྐབས་འདིར་བོད་མིའི་ཐོག་དམ་དྲག


2019.03.05
སྡེ་དགེ་ཕྱོགས་ཀྱི་ས་ཁྲ། སྡེ་དགེ་ཕྱོགས་ཀྱི་ས་ཁྲ།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

བོད་ཀྱི་སྡེ་དགེ་རྫོང་སོགས་ཀྱི་ས་ཁུལ་དང་རྒྱ་ནག་ནང་གི་བོད་པའི་སློབ་ཕྲུག་ཚོའི་ཐོག་གསུམ་བཅུའི་དུས་དྲན་མ་ཚར་བར་རྒྱ་ནག་གཞུང་གིས་དམ་དྲག་བྱེད་བཞིན་ཡོད་འདུག
ཕྱི་ཟླ་ ༣ ཚེས་ ༡༠ བོད་མིའི་རང་དབང་སྒེར་ལངས་ཉིན་མོའམ་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་འདི་ནི་རྒྱ་ནག་གཞུང་ཕྱོགས་ནས་ཚོར་བ་རྣོ་བའི་ཉིན་མོ་ཞིག་ཏུ་ངོས་འཛིན་གྱིས་བོད་ཀྱི་ས་གནས་གཞན་ནས་རྒྱལ་ས་ལྷ་སར་ཡོང་མཁན་ཚོར་དམ་དྲག་བྱེད་བཞིན་ཡོད་འདུག་པར་མ་ཟད།  ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་དགེ་རྫོང་ཕྱོགས་ཀྱི་བོད་མི་རྣམས་ས་གནས་གཞན་དུ་འགྲོ་བསྐྱོད་མི་ཆོག་པ་དང་། གསུམ་བཅུའི་དུས་དྲན་ཉིན་མོར་གྲོང་སྡེ་ཕན་ཚུན་གྱི་བར་ལ་ཡང་འགྲོ་འོང་བྱེད་མི་ཆོག་པའི་དམ་དྲག་བཀེལ་ཡོད་འདུག  དེ་ཡང་ཕ་ཡུལ་སྡེ་དགེ་ནས་ཡིན་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་པར་གཞིགས་ན།  ཕྱི་ཟླ་གསུམ་པའི་ཚེས་མགོ་ནས་བཟུང་སྡེ་དགེ་རྫོང་ཕྱོགས་སུ་རྒྱ་ནག་གཞུང་གིས་དམ་དྲག་གི་རྣམ་པ་ཇེ་ཆེར་བཏང་ཡོད་པ་དང་། དེ་ཡང་གསུམ་བཅུའི་དུས་དྲན་མ་ཡོལ་བར་དུ་སྡེ་དགེ་རྫོང་ཁོངས་ཀྱི་བོད་མི་རྣམས་ས་གནས་གཞན་གང་དུ་ཡང་འགྲོ་བསྐྱོད་མི་ཆོག་པར་རང་ཁྱིམ་དུ་སྡོད་དགོས་པ་དང་། ལྷག་པར་དུ་ཕྱི་ཟླ་གསུམ་པའི་ཚེས་བཅུའི་ཉིན་མོར་རྒྱལ་ཁབ་ཀྱི་ཉེན་རྟོག་པ་མང་པོ་འགྲེམ་འཇོག་ཐོག་གྲོང་སྡེ་ཕན་ཚུན་གྱི་ནང་ལ་ཡང་འགྲོ་བསྐྱོད་མི་ཆོག་པ་བཟོས་ཡོད་སྐོར་འབྲེལ་ཡོད་རྒྱ་མའི་དཔོན་རིགས་ཚོས་བཀའ་རྒྱ་བཏང་ཡོད་འདུག་ལ།  ཁོང་གིས་བརྗོད་ན་སྤྱི་ཚོགས་དྲ་ལམ་ཁག་ཀྱང་བཀག་འགོག་བྱེད་རྒྱུ་ཡིན་པའི་སྐད་ཆ་ཞིག་ཁྱབ་བཞིན་ཡོད་འདུག
ད་དུང་རྒྱུས་ལོན་བྱུང་བ་ལྟར་ན། འདས་པའི་བདུན་ཕྲག་གཅིག་གི་གོང་ནས་བཟུང་སྡེ་དགེ་ཕྱོགས་ནས་ཡིན་པའི་ཁ་པར་གྱི་བྱང་བུའི་ནང་སྒོ་ཕྱེ་ནས་བེད་སྤྱོད་གཏོང་བཞིན་པའི་སྐད་འཕྲིན་དྲ་བའི་ནང་བོད་ཕྱི་ལོག་གི་གསར་འགྱུར་ལ་ལྟ་ཉན་བྱེད་མི་ཐུབ་པ་དང་། ནམ་རྒྱུན་ཉིན་ལྟར་གསར་འགྱུར་བསྐུར་སའི་དྲ་ཚོམས་ནང་འགུལ་རིས་དང་སྒྲ་འཇུག་སྐད་ཐུང་བསྐུར་ན་འཕྲོད་ཐུབ་པ་ལས་བོད་ཕྱི་ལོག་གི་གསར་འགྱུར་རིགས་བསྐུར་ནང་འང་འཆར་མི་ཐུབ་པ་བཟོས་ཡོད་འདུག
དེ་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་རྒྱ་ནག་ནང་ཡོད་པའི་བོད་པའི་སློབ་མ་ཞིག་གིས་བརྗོད་པར་གཞིགས་ན། པེ་ཅིང་ཀྲུང་དབྱང་མི་རིགས་སློབ་ཆེན་ལ་སོགས་པ་བོད་རིགས་སློབ་མ་ཡོད་སའི་སློབ་ཆེན་ཁག་གི་བོད་པའི་དགེ་རྒན་ཚོར་བོད་ཕྲུག་སློབ་མ་ཚོར་གསུམ་བཅུའི་དུས་དྲན་གྱི་གཡས་གཡོན་དུ་ཚོུད་ ༢༤ རིང་ལྟ་རྟོག་ནན་པོ་བྱེད་དགོས་པའི་བཀའ་རྒྱ་ཡང་བཏང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎