ཧོང་ཀོང་ནང་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྤེལ་རྒྱུ།


2015.02.13
ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས
tibet.net

ད་ལོར་ཐེ་ཝན་དང་ཧོང་ཀོང་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་བོད་དོན་ལས་འགུལ་སྤེལ་རྒྱུ་ཡིན་འདུག
དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་དང་། ས་གནས་བོད་རིགས་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་གོ་བསྒྲིགས་འོག་འདི་ལོའི་གསུམ་བཅུའི་དུས་དྲན་དེ་བཞིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་དང་། གྲོང་ཁྱེར་ཀའོ་ཤུང་ཙམ་དུ་མ་ཟད། ཧོང་ཀོང་ནང་ལའང་སྲུང་བརྩི་ཞུ་རྒྱུ་དང་གཞི་རྒྱ་ཆེ་བའི་བོད་དོན་ལས་འགུལ་སྤེལ་རྒྱུ་ཡིན་འདུག
གོང་གསལ་ས་གནས་ཁག་གསུམ་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་དུས་མཚུངས་སུ་ལས་འགུལ་སྤེལ་རྒྱུ་མ་ཟད། ཐེ་པེ་གྲོང་ཁྱེར་གྱི་ཐང་ཆེན་དུ་ཀའོ་ཤུང་དང་ཧོང་ཀོང་ནང་གི་ལས་འགུལ་སྤེལ་བ་རྣམས་ཐད་ཀར་རྒྱང་བསྲིང་བྱེད་རྒྱུ་ཡིན་འདུག ཐེ་ཝན་བོད་རིགས་བདེ་དོན་ཚོགས་པ་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཞིག་གིས་ཀྱང་སྤྱི་ལོ༢༠༡༥་ལོའི་ཟླ་༣་ཚེས་༡༠་ཉིན་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་རྒྱུ་ཡིན་འདུག
ཐེངས་འདིའི་ལས་འགུལ་ནང་མང་ཚོགས་གང་མང་མཉམ་ཞུགས་ཡོང་བའི་དོན་དུ་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཕྱི་ཚེས་༩་ཉིན་ཀའོ་ཤུང་ཁུལ་གྱི་སློབ་ཕྲུག་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་གནང་བ་མ་ཟད། བདུན་ཕྲུག་འདིའི་ནང་ཐེ་ཝན་མང་ཚོགས་ལ་བོད་དོན་དང་འབྲེལ་བའི་གོ་རྟོགས་རྒྱ་ཆེ་སྤེལ་གནང་རྒྱུ་རེད་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎