བལ་ཡུལ་ནང་གསུམ་བཅུའི་དུས་དྲན་ཆེད་ལས་འགུལ་སྤེལ་མི་ཆོག


2015.03.09
བལ་ཡུལ་ཉེན་རྟོག་པས་བོད་མི་ལས་འགུལ་བ་འཛིན་བཟུང་བྱེད་བཞིན་པ། ༢༠༠༨།༨།༡༤ བལ་ཡུལ་ཉེན་རྟོག་པས་བོད་མི་ལས་འགུལ་བ་འཛིན་བཟུང་བྱེད་བཞིན་པ། ༢༠༠༨།༨།༡༤
ཀླུ་འབུམ

བལ་ཡུལ་གཞུང་གིས་བོད་མིའི་སྒེར་ལངས་དུས་དྲན་ཆེད་བོད་དོན་ལས་འགུལ་སྤེལ་མི་ཆོག་པའི་སྔོན་བརྡ་བཏང་ཡོད་འདུག
དེ་ཡང་རེས་གཟའ་ཉི་མའི་ཉིན་ཧྥ་རན་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན། བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཀྲུའི་སྤྱི་ཁྱབ་ཨིཀ་ནྭ་རྭ་ཡན་ཨརྱལ་Ek Narayan Aryalཡིས། ང་ཚོས་བོད་མིའི་ཚོགས་སྡེ་ཁག་ལ་བོད་མིའི་སྒེར་ལངས་དུས་དྲན་ཐེངས་༥༦པའི་ཉིན་མོར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་མི་ཆོག་པའི་སྔོན་བརྡ་བཏང་ཟིན་པ་ཡིན། ད་དུང་རེས་གཟའ་མིག་དམར་ཉིན་ལས་འགུལ་དེ་རིགས་བཀག་སྡོམ་ཆེད་ཉེན་སྲུང་མི་སྣ་ཁ་སྣོན་འགྲེམས་འཇོག་བྱ་རྒྱུ་ཡིན་ལུགས་གསུངས་པ་དང་སྦྲགས་ལས་འགུལ་དེ་རིགས་ནི་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་དམ་འཛིན་བྱེད་བཞིན་པ་དེ་དང་འགལ་གྱི་ཡོད་རེད་ཅེས་གསུངས་ཡོད་པ་ལུང་འདྲེན་བྱས་འདུག
བལ་ཡུལ་ནང་བོད་མི་ཁྲི་གཉིས་ཙམ་གཏན་སྡོད་བྱེད་བཞིན་པ་དེ་དག་གི་ཐད་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲད་དང་སྤྲོད་བཞིན་པར་བརྟེན་བལ་པོའི་གཞུང་གིས་ལོ་ཤས་གོང་ནས་དམ་བསྒྲགས་ཆེན་པོ་ཡོད་མུས་ལ་བོད་མི་ཚོས་འདི་ལོ་ངོ་རྒོལ་བྱ་རྩིས་མེད་། འོན་ཀྱང་རང་ལུས་དོར་མཁན་བོད་མི་དཔའ་བོ་དང་དཔའ་མོ་དེ་དག་གི་ཆེད་དུ་ཆོས་འབྲེལ་སྨོན་ལམ་ཞིག་གོ་བསྒྲིགས་ཞུ་གི་ཡོད་ལུགས་བོད་མི་སྐྱབས་བཅོལ་ལས་ཁུངས་ཀྱི་འགན་འཛིན་ཀརྨ་ཟླ་བ་ལགས་ཀྱིས་གསུངས་གནང་འདུག
ཚེས་༦ཉིན་བལ་ཡུལ་བོད་མིའི་བདེ་དོན་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ད་ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་སྲུང་བརྩིའི་ལས་འགུལ་སྤེལ་རྒྱུར། ཀཐ་མན་ཀྲུའི་རྫོང་དཔོན་ལས་ཁུངས་ལ་ཆོག་མཆན་ཞུས་ཀྱང་གྲུབ་འབྲས་མ་ཐོན་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་གནས་ཡུལ་ས་གནས་སོ་སོའི་ཡུལ་ཁྲིམས་ལ་བརྩི་བཀུར་ཞུ་དགོས་པའི་ལམ་སྟོན་ཡོད་པ་བཅས་ལ་བརྟེན་ཏེ། ད་ལོར་ཡང་བལ་སྡོད་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཉིན་ལས་འགུལ་འདུ་འཛོམས་རིགས་མི་གནང་རྒྱུའི་འབོད་སྐུལ་ཞུས་འདུག
སྔ་ལོ་བོད་མིའི་རང་དབང་སྒེར་ལངས་དུས་དྲན་སྲུང་བརྩིའི་སྐབས་རྒྱ་ནག་གཞུང་ཚབ་ཀྱི་ཉེན་སྲུང་མི་སྣས་བོད་མི་དགུ་འཛིན་བཟུང་བྱས་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎