ཐའེ་ལྦན་ནང་རང་བཙན་དོན་གཉེར་བས་རྔམ་སྟོན་ཁྲོམ་སྐོར།
2011.09.04
༄༅༎ཐའེ་ལྦན་ནང་རང་བཙན་དོན་གཉེར་བ་ཆིག་སྟོང་ཙམ་གྱིས་སྲིད་འཛིན་མྭ་ཡིངྒ་ཇུ་ཡིས་རྒྱལ་ཁབ་ཀྱི་བདག་དབང་གློད་བཏང་ཡོད་སྐོར་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ཉི་མའི་ཉིན་རྒྱལ་ས་ཐེ་པེ་ནང་གོ་སྒྲིག་ཞུས་པའི་ངོ་རྒོལ་འདི་བཞིན་ཟླ་བ་བཞིའི་རྗེས་སུ་ཕྱི་ལོ་༢༠༡༢ནང་སྲིད་འཛིན་གྱི་འོས་བསྡུའི་སྔ་རོལ་དུ་ཐའེ་ལྦན་རང་བཙན་དོན་གཉེར་བ་ཚོས་ཕྱོགས་འགལ་མང་གཙོ་ཡར་ཐོན་ཚོགས་པར་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཆེད་ཡིན་ལུགས་འགྲེལ་བརྗོད་བྱས་འདུག རང་བཙན་དོན་གཉེར་བ་ཚོས་སྲིད་འཛིན་མྭ་ཡིན་ཇུ་མཆོག་གིས་དཔལ་འབྱོར་གྱི་ཁེ་ཕན་ཆེད་ཐའེ་ལྦན་གྱི་བདག་དབང་དོར་ཡོད་ལུགས་སྐྱོན་བརྗོད་བྱེད་བཞིན་པ་རེད། ངོ་རྒོལ་བ་ཚོས་ཐའེ་ལྦན་སྲུང་སྐྱོབ་ཆེད་མྭ་ཡིན་ཇུ་གནས་དབྱུང་བཏང་དགོས་ཅེས་སྐད་འབོད་རྒྱབ་ཡོད་ལུགས་ཨེ་ཨེཕ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག སྲིད་འཛིན་མྭ་ཡིངྒ་ཇུ་ཡི་གཞུང་གིས་རྒྱ་ནག་དང་འབྲེལ་ལམ་བཟང་དུ་བཏང་ནས་མཚོ་ཁ་ཕན་ཚུན་གྱི་འབྲེལ་ལམ་སྤྱི་དང་ལྷག་དོན་དུ་དཔལ་འབྱོར་གྱི་འབྲེལ་ལམ་ཇེ་བཟུང་དུ་ཕྱིན་ནས་སྔ་ལོ་ཐའེ་ལྦན་གྱི་རྒྱལ་ཡོངས་ཐོབ་བསྐྱེད་བརྒྱ་ཆ་བཅུ་དང་གྲངས་ཆུང་༨༨བར་འཕར་བ་དེ་ནི་འདས་པའི་ལོ་ཉི་ཤུ་རྩ་བཞི་ནང་གི་འཕར་ཆ་ཆེ་ཤོས་དེ་ཆགས་ཡོད་འདུག སྲིད་འཛིན་མྭཡིན་ཇི་ལོ་རྗེས་མ་བསྐྱར་དུ་སྲིད་འཛིན་གྱི་འོས་བསྡུར་བཞེངས་རྩིས་ཡོད་ལ་དང་ཁོང་གི་ཁ་གཏད་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ཙའི་ཨིནྒ་ལྦེན་བཞེངས་ཀྱི་ཡོད་འདུག༎