གསར་འགྱུར་ཡིག་ཚགས།
2024-01-31
འཕགས་བོད་གཉིས་ཀྱི་ས་མཚམས་ལ་དྭགས་བྱང་ཐང་བཀག་གཞུང་ས་གནས་ཀྱི་འབྲོག་པ་ཚོར་རྒྱ་ནག་མཐའ་སྲུང་དམག་མིས་སྒོ་ཕྱུགས་འཚོ་མ་བཅུག་པར་བཀག་འགོག་བྱེད་ཐབས་བྱས་འདུག
2024-01-27
ཞའོ་ལེ་ཝུའུ་ཟེར་བ་ཞིག་གིས་རྒྱ་ནག་ནང་གི་མང་གཙོ་དང་རང་དབང་ལ་རྒྱབ་སྐྱོར་གནང་མཁན་སློབ་ཕྲུག་ཚོར་འཇིགས་སྐུལ་བྱས་པའི་ཉེས་འཛུགས་འོག་ཨ་རིའི་དབུས་གཞུང་གི་ཁྲིམས་ཁང་ཞིག་ནས་བཅད་ཁྲ་བཏང་བ།
2024-01-24
རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དུས་བཀག་བསྐྱར་ཞིབ་སྐབས་བོད་ནང་གི་ཐོབ་ཐང་གནད་དོན་ཁག་གི་ཐོག་སྔར་ལས་ལྷག་པའི་རྒྱལ་ཁབ་མང་པོས་ཐེར་འདོན་ཤུགས་ཆེར་བྱུང་ཡོད་པ།
2024-01-19
རྒྱ་རིགས་ཚོར་བོད་ཡིག་སློབ་ཏེ་རྒྱ་སྐད་མ་ཤེས་པའི་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་ནང་རྒྱ་ནག་སྲིད་ཇུས་ཀྱི་སློབ་གསོ་གཏིང་གཟབ་རུ་གཏོང་ཐུབ་པའི་དམིགས་ཡུལ་ཡིན་པ།
2024-01-11
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བའི་སྲིད་ཇུས་དེ་ལག་ལེན་བསྟར་ནས་ད་ཆ་ལོ་༡༡ཙམ་འགྲོ་ཡི་ཡོད།
2024-01-05
རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་གི་ལོ་གསར་གཏམ་བཤད་སྐབས་མེས་རྒྱལ་གཅིག་གྱུར་ངེས་པར་སྨྲ་བར། ལྕམ་ཚེ་དབྱིན་ཝིན་གྱིས་ཐེ་ཝན་གྱི་མ་འོངས་པ་ཐེ་ཝན་མི་དམངས་ཀྱིས་ཐག་གཅོད་དགོས་ཞེས་ལན་བསློགས་ཡོད་པ།
2024-01-03
རྒྱ་ནག་གིས་བདེ་སྲུང་བློན་ཆེན་གསར་པ་བསྐོ་བཞག་བྱས་པའི་རྗེས་གྲོས་ཚོགས་ཀྱི་ཚོགས་མི་ཡིན་པའི་དམག་དཔོན་༩ཕྱིར་འབུད་བྱས་པ་ནི་ལྐོག་ཟ་དང་འབྲེལ་བ་ཡོད་པ།
2024-01-02
ཁྲིམས་ཡིག་འདིའི་ནང་དོན་ཚན་ལེའུ་ཆེ་ཁག་ ༥ དང་ནང་གསེས་དོན་ཚན་ ༤༠ རུ་དབྱེས་ཏེ་གཙོ་བོ་ཁྲིམས་ཡིག་འདི་ལག་བསྟར་དོན་འཁྱོལ་ཡོང་སླད་རྒྱ་ནག་མི་མང་བཅིངས་གྲོལ་དམག་ཟེར་བར་དབང་ཆ་ཆེན་པོ་བསྐུར་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད།