རྒྱལ་གཅེས་རིང་ལུགས་ཀྱི་ཁྲིམས་ཡིག་དངོས་སུ་ལག་བསྟར་འགོ་འཛུགས་བྱས་པ།
རྒྱ་ནག་གཞུང་གིས་རྒྱལ་གཅེས་རིང་ལུགས་ཀྱི་ཁྲིམས་ཡིག་ཅིག་སྔ་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་གཏན་འབེབས་བྱས་ཏེ་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཡོད་ཅིང་། ཁྲིམས་ཡིག་འདིའི་ནང་དོན་ཚན་ལེའུ་ཆེ་ཁག་ ༥ དང་ནང་གསེས་དོན་ཚན་ ༤༠ རུ་དབྱེས་ཏེ་གཙོ་བོ་ཁྲིམས་ཡིག་འདི་ལག་བསྟར་དོན་འཁྱོལ་ཡོང་སླད་རྒྱ་ནག་མི་མང་བཅིངས་གྲོལ་དམག་ཟེར་བར་དབང་ཆ་ཆེན་པོ་བསྐུར་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། འདི་སྐོར་ཉམས་ཞིབ་གནང་མཁན་གནད་དོན་དབྱེ་ཞིབ་པ་དང་ཕྱི་འབྲེལ་གྱི་ལས་དོན་ལ་འཇུག་པ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་བཟོ་ཕྱིར་ཡིན་པ་འགྲེལ་བརྗོད་གནང་གི་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཁོང་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།