བོད་སྐྱོར་ལས་བྱེད་པ་དང་ལས་བྱེད་ལས་བཟོ་ཚོར་བོད་ཡིག་སློབ་ཁྲིད་ཀྱི་འཛིན་གྲྭ་འགོ་བཙུགས་པའི་གནས་ཚུལ།
2024.01.19
ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་།རྒྱ་ནག་གཞུང་གིས་བོད་ནང་དུ་བོད་སྐྱོར་ལས་བྱེད་པ་དང་ལས་བྱེད་ལས་བཟོ་ཚོར་བོད་ཡིག་སློབ་ཁྲིད་ཀྱི་འཛིན་གྲྭ་འགོ་བཙུགས་པའི་གནས་ཚུལ་ཐོན་པ་དེ་ནི་རྒྱ་རིགས་ཚོར་བོད་ཡིག་སློབ་ཏེ་རྒྱ་སྐད་མ་ཤེས་པའི་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་ནང་རྒྱ་ནག་སྲིད་ཇུས་ཀྱི་སློབ་གསོ་གཏིང་གཟབ་རུ་གཏོང་ཐུབ་པའི་དམིགས་ཡུལ་ཞིག་དང་།གཞི་རིམ་བོད་མི་མང་ཚོགས་ཀྱི་ཐོག་ལ་ཐད་ཀར་བཏང་འཛིན་བྱ་རྒྱུའི་ཆེད་དམིགས་པའི་སྲིད་ཇུས་ཤིག་ཏུ་གཟིགས་ཀྱི་ཡོད་ལུགས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་དང་བོད་གནས་ཉམས་ཞིབ་པས་གཟིགས་ཚུལ་ངོ་སྤྲོད་གནང་བ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།