འཛམ་གླིང་ས་ཕྱོགས་གར་སར་བོད་མིའི་རང་དབང་སྒེར་ལངས།

2025.03.11
འཛམ་གླིང་ས་ཕྱོགས་གར་སར་བོད་མིའི་རང་དབང་སྒེར་ལངས། འཇར་མེ་ནིའི་གྲོང་ཁྱེར་༤༣ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བ།
འཇར་མེན་བོད་དོན་རྒྱབ་སྐྱོར་ཚོགས་པ།

ལོ་ངོ་༦༦སྔོན་བོད་ཀྱི་རྒྱལ་ས་ལྷ་སད་རིང་གཏམ་གླེང་ལེ་ཚན་འདིའི་ནང་འཛམ་གླིང་ས་ཕྱོགས་ཁག་ནང་ཡོད་པའི་བཙན་བྱོལ་བོད་མི་དང་བོད་དོན་ལ་དོ་འཁུར་རྒྱབ་སྐྱོར་གནང་མཁན་ཚོས་སྤྱི་ཟླ་༣ཚེས་༡༠བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་འདིར་སྲུང་བརྩི་ཞུས་ཏེ་ལོ་ངོ་༦༦སྔོན་བོད་ཀྱི་རྒྱལ་ས་ལྷ་སར་ཐོན་པའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་འདི་ནས་བཟུང་པའི་རྒྱ་ནག་དམར་ཤོག་གཞུང་གི་བཙན་དབང་འོག་རང་སྲོག་ཤོར་བའི་མི་སྣར་མྱ་ངན་དང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་འདི་བཙན་བཟུང་གིས་དྲག་གནོན་བྱས་པར་ངོ་རྒོལ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ལ་དོ་འཁུར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་སོགས་ལས་འགུལ་སྤེལ་ཡོད་པའི་སྐོར་ལ་ས་ཕྱོགས་ཁག་ཏུ་ཡོད་པའི་ང་ཚོའི་གསར་འགོད་པ་ཚོས་བཏང་པའི་གནས་ཚུལ་ཁག་ཕྱོགས་བསྡུས་ཞུས་པ་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན།
གསར་འགོད་པ། སྒྲོལ་དཀར།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎