ཆོས་ཀྱི་ཐོག་ནས་ལུས་བདེ་བ་དང་སེམས་སྐྱིད་པ། ངག་འཇམ་པ་ཡོང་ཐབས།

2024.04.23
ཆོས་ཀྱི་ཐོག་ནས་ལུས་བདེ་བ་དང་སེམས་སྐྱིད་པ། ངག་འཇམ་པ་ཡོང་ཐབས། ཚེས་༢༢ཉིན་བཞུགས་སྒར་གྱི་གསུང་ཆོས་རྭ་བར་༧གོང་ས་མཆོག་ལ་གསུང་ཐར་གཟིགས་འབུལ་ཞུ་བཞིན་པ།
དགའ་ལྡན་ཕོ་བྲང་ཡིག་ཚང་།

ད་རིང་གི་གཏམ་གླེང་ལེ་ཚན་ནང་ཉེ་ཆར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྡ་རམ་སའི་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་ཞོ་སྟོན་ལ་བཅར་མཁན་གྱི་ལྷ་མོ་ཚོགས་པ་ཁག་དང་བོད་ཀྱི་བུད་མེད་ལྷན་ཚོགས་ལ་བཅར་མཁན་ཚོར་མཇལ་ཁ་བཀའ་སློབ་གནང་པ་དང་། དེ་བཞིན་སོག་རིགས་ཚོར་གསུང་ཆོས་གནང་ཡོད་པས། སྐབས་དེ་དུས་ནང་ཆོས་སློབ་སྦྱོང་དང་ཉམས་ལེན་བྱས་ཏེ་ལུས་བདེ་བ་དང་སེམས་སྐྱིད་པ། ངག་འཇམ་པ་ཡོང་ཐབས་བྱ་དགོས་པ་སོགས་ཀྱི་གནས་ལུགས་ངོ་སྤྲོད་གནང་བའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སྒྲོལ་དཀར།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎