བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ལྷན་དུ་བཀའ་མོལ་ཞུས་པ།
2016.08.02
རྒྱ་ནག་གི་བཙོན་ཁང་ནང་ལ་གློ་བུར་དུ་དགོངས་པ་རྫོགས་པའི་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཡོད་པས་ཁོང་དང་ལྷན་དུ་བཀའ་མོལ་ཞུས་པ་ཞིག་དང་། དེ་བཞིན་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་ཤག་མུ་མཐུད་གཏོར་བཞིན་ཡོད་པས་ཕ་ཡུལ་གསེར་རྟ་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ་སྒྲོལ་དཀར།