གསར་འགྱུར་ཡིག་ཚགས།
2023-05-20
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སི་དྷ་ར་མ་ཡ་མཆོག་ལ་ཁོང་བསྐྱར་དུ་རྒྱ་གར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་དུ་འདེམས་ཐོན་བྱུང་པར་འཚམས་འདྲི་དང་འབྲེལ་ཁོང་ལ་མི་མང་གིས་རེ་ལྟོས་ཞུ་བཞིན་པ་ལྟར་ལས་དོན་མཐའ་དག་ལམ་ལྷོང་ལྡན་པ་ཡོང་བའི་ཐུགས་སྨོན་ཡོད་ཅེས་གསུང་འཕྲིན་བསྩལ་གནང་མཛད་འདུག
2023-05-17
དགེ་བཤེས་མ་ཚོས་ནང་པའི་གཞུང་ལུགས་ལ་སློབ་གཉེར་རྒྱ་ཆེར་གནང་སྟེ་སྤྱི་ཚོགས་ནང་ཕན་ཐོགས་སྒྲུབ་དགོས་པ་༧གོང་ས་མཆོག་གིས་བཙུན་དགོན་གསུམ་གྱི་དགེ་བཤེས་མ་ཚོར་མཇལ་ཁ་བསྩལ་སྐབས་བཀའ་བསྩལ་འདུག
2023-05-16
རང་གི་སེམས་ཞི་བདེ་བག་ཕེབས་ངང་གནས་པར་གཞན་ཕན་གྱི་བློ་ནི་ཧ་ཅང་གལ་ཆེ་བ་༧གོང་ས་མཆོག་གིས་རྒྱ་གར་ནང་རྩེད་འགྲན་ཆེད་ཕེབས་པའི་རྒྱལ་སྤྱིའི་དབྱུག་རྩེད་སྤོ་ལོ་རྩེད་འགྲན་པ་ཁག་ཅིག་ལ་མཇལ་ཁའི་སྐབས་བཀའ་བསྩལ་འདུག
2023-05-08
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་ལྷན་ཚོགས་ཀྱི་སྒྱུ་རྩལ་མགྲིན་ཚབ་པ་འབུམ་རམས་པ་(Guila Clara)་ལགས་སུ་མཇལ་ཁ་བསྩལ་འདུག
2023-05-05
གནས་བརྟན་སྡེ་བའི་ལུགས་ལྟར་བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པ་སྐུ་བལྟམས་པའི་ཉིན་མོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་ནང་པའི་རྗེས་འཇུག་པ་ཡོངས་ལ་འཚམས་འཕྲིན་བསྩལ་འདུག
2023-05-03
བླ་མ་བཟོད་པ་རིན་པོ་ཆེ་མཆོག་གི་ཡང་སྲིད་ནས་བསྟན་པའི་བྱ་བ་བསྒྲུབ་རྒྱུར་ཐུགས་སྨོན་མཛད་བཞིན་ཡོད་པའི་བཀའ་སློབ་ཕེབས་གནང་ཡོད་པ།
2023-05-03
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཁག་ཅིག་ལ་མཇལ་ཁ་བསྩལ་བའི་སྐབས། བཙན་བྱོལ་ནང་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་ཐུབ་ནི་གཟི་བརྗིད་རེད་ཅེས་བཀའ་གནང་ཡོད་པ།
2023-05-02
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་བརྙན་ཐུང་གི་དོན་རྐྱེན་ཐོན་རྗེས་གླེང་ཕྱོགས་བཟོ་མཁན་གང་འདྲ་སེ་བྱུང་ཡོད་དམ།
2023-05-01
རྒྱ་གར་གྱི་གནའ་བོའི་རིག་གཞུང་གིས་ནང་སེམས་ཞི་བདེ་ཡོང་བར་ཕན་ཐོགས་ཡོད་པ་སེམས་ཅན་དུད་འགྲོ་ཡི་རྣམ་ཤེས་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུའི་ཚོགས་བཅར་བ་ཁག་ཅིག་ལ་༧གོང་ས་མཆོག་གིས་བཀའ་བསྩལ་འདུག
2023-04-26
རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་ཡང་སྲིད་ཐད་ཐེ་བྱུས་བྱེད་བཞིན་པར་སྦེལ་ཇམ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་རྣམས་ཀྱིས་སྐྱོན་བརྗོད་གནང་འདུག
2023-04-26
ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པ་དང་ཕན་ཚུན་གསོད་རེས་བཏང་ན་སྙིང་པོ་མེད་པས་བདེ་སྐྱིད་ལྡན་པའི་ངང་འཆམ་མཐུན་གྱིས་གནས་དགོས་པ་རེད་ཅེས་༧གོང་ས་མཆོག་གིས་རཱ་མོན་མེག་སེ་སེ་གཟེངས་རྟགས་ཐེབས་རྩ་ཁང་གི་སྐུ་ཚབ་ལ་བཀའ་བསྩལ་འདུག
2023-04-24
ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་ཞེས་དབྱེ་བ་འབྱེད་པ་ནི་འགྲོ་བ་མིའི་དཀའ་རྙོག་གི་འབྱུང་ཁུངས་ཆགས་ཡོད་ཅེས་༧གོང་ས་མཆོག་གིས་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་པ་ཁག་ཅིག་ལ་བཀའ་བསྩལ་འདུག
2023-04-22
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྒྱུད་ལམ་ཁག་ཏུ་སྐུ་པར་བཅད་བཏུབ་ཀྱིས་མཚན་ཤས་བཟོ་ཐབས་བྱས་པའི་གནས་ཚུལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཤུགས་གཞི་རྒྱ་ཆེ་རུ་འགྲོ་བཞིན་འདུག
2023-04-22
འཛམ་གླིང་ཡུལ་གྲུ་གང་སའི་བོད་གནས་མཁས་དབང་ ༣༥ ཙམ་གྱིས་ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བརྙན་རིས་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྤེལ་ཆེན་པོ་བྱས་པའི་ཐོག་བློ་ཕམ་ཆེན་པོ་བྱུང་ཡོད་པ་ཕྱི་ཟླ་ ༤ ཚེས་ ༢༡ ཉིན་མཉམ་སྦྲེལ་གསལ་བསྒྲགས་སྤེལ་བའི་ནང་བཀོད་འདུག
2023-04-22
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གོ་ལའི་ནང་པའི་ལྷན་ཚོགས་ཐོག་མ་འདི་སྐོང་ཚོགས་གནང་ཡོད་པ།