༧གོང་ས་མཆོག་གིས་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་གསར་པར་འཚམས་འདྲི་མཛད་པ།

2023.05.20
༧གོང་ས་མཆོག་གིས་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་གསར་པར་འཚམས་འདྲི་མཛད་པ།
OHHDL

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཡིག་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་གཞུང་མང་གཉིས་ལ་བཀྲིན་རྗེས་དྲན་དང་འབྲེལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་སི་དྷ་ར་མ་ཡ་མཆོག་ནས་མི་མང་གི་རེ་ལྟོས་ལྟར་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཛད་ཡོད་པ་གསུང་བྱུང་།
གཞི་རྩའི་ཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུ་བྱས་ཏེ་འདི་ཚེས་ ༡༣ ཉིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པ་གཞིར་བཟུང་ཀར་ན་ཊ་ཀ་མངའ་སྡེའི་ནང་། བྷི་ཇེ་པི་དང་ཀོང་རེསི་ཀྱིས་མཚོན་ཆབ་སྲིད་ཚོགས་ཁག་ཅིག་ཡོད་པ་ལས་ཀོང་རེསི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་ཏེ་ཟླ་ ༥ ཚེས་༢༠ ཉིན་མངའ་སྡེའི་ཀོང་རེསི་ཚོགས་པའི་འགོ་འཁྲིད་སི་དྷ་ར་མ་ཡ་མཆོག་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་གི་དམ་འབུལ་མཛད་སྒོ་ཚོགས་གནང་ཡོད་པ་རེད།།

གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎