འཇི་མི་ཁཱ་ཊར་ནས་བཟུང་ཨ་རིའི་སྲིད་འཛིན་རིམ་པས་རྒྱ་ནག་དང་འབྲེལ་བ་དང་བོད་དོན་རྒྱབ་སྐྱོར།

2025.01.07
འཇི་མི་ཁཱ་ཊར་ནས་བཟུང་ཨ་རིའི་སྲིད་འཛིན་རིམ་པས་རྒྱ་ནག་དང་འབྲེལ་བ་དང་བོད་དོན་རྒྱབ་སྐྱོར། འཇི་མི་ཁཱ་ཊར་ནས་བཟུང་ཨ་རིའི་སྲིད་འཛིན་རིམ་པས་རྒྱ་ནག་དང་འབྲེལ་བ་དང་བོད་དོན་རྒྱབ་སྐྱོར། ༢༠༠༩།༠༡།༠༧
ཨེ་པི།

རྒྱལ་སྤྱིའི་ནང་རྩོད་རྙོག་འདུམ་འགྲིག་གི་ཐོག་ནས་གྲགས་ཆེར་གྱུར་བ་ཨ་རིའི་སྲིད་འཛིན་ ༣༩ པ་འཇི་མི་ཁཱ་ཊར་མཆོག་དགུང་ལོ་བརྒྱ་ཐམ་པའི་སྟེང་། ༢༠༢༤ ཟླ་ ༡༢ ཚེས་ ༢༩ ཉིན་དགོངས་པ་རྫོགས་ཡོད་པ་ལྟར།   སྲིད་འཛིན་ཟུར་པ་འཇི་མི་ཁཱ་ཊར་མཆོག་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་ཨ་རིའི་དབར་ལ་ཕྱི་འབྲེལ་གྱི་འབྲེལ་ལམ་འཛུགས་མཁན་ཨ་རིའི་སྲིད་འཛིན་དང་པོ་དེ་ཡིན་པ་མ་ཟད།  བོད་རྒྱའི་འབྲེལ་ལམ་གྱི་གནད་དོན་ཐོག་ལའང་རྒྱ་ནག་ལ་སྐུལ་མ་གནང་མཁན་ཞིག་དང་༡༩༧༩ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་ཐོག་མར་མཛད་སྐབས་སུ་སྲིད་འཛིན་གྱི་ཐུགས་འགན་བཞེས་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  འཇི་མི་ཁཱ་ཊར་ནས་བཟུང་ཨ་རིའི་སྲིད་འཛིན་རིམ་པས་རྒྱ་ནག་དང་འབྲེལ་བའི་ཕུར་སྦུབ་དང་།  བོད་དོན་ཐོག་ལ་རྒྱབ་སྐྱོར་ཇི་ལྟར་གནང་ཡོད་མེད་ཐད་རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་བསྟན་འཛིན་དབང་ཕྱུག་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎