གསར་འགྱུར་ཡིག་ཚགས།

བོད་ཀྱི་ཉིན་མོར་སྲུང་བརྩི།
ཨ་མེ་རི་ཀའི་ནུབ་ཕྱོགས་མངའ་སྡེ་(California)ཀེ་ལི་ཕོར་ནིའི་ནང་གི་Santa Barbaraརྫོང་དང་ཨ་རིའི་མེ་ནི་སོ་ཀྲའི་མངའ་སྡེའི་ནང་གི་གྲོང་ཁྱེར་Columbia Heightsགཉིས་ཀྱིས་འདི་ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དེ་བཞིན་བོད་ཀྱི་ཉི་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་བ།

ཨའོསི་ཊརེ་ལི་ཡའི་ (Australia) སྦུལུ་མའོན་ཊེན་ (Blue Mountain) མངའ་ཁུལ་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཞུས་པ།
ཨོསི་ཊརེ་ལི་ཡའི་ས་གནས་ཁག་དྲུག་ནས་བོད་མི་གཞོན་སྐྱེས་བཅུ་ཕྲག་འགའ་ཤས་འདུ་བསྐོང་གནང་སྟེ་བོད་དོན་དང་འབྲེལ་བའི་ཟབ་སྦྱོང་ཞིག་ཚོགས་ཡོད་པ་དང་བསྟུན། ཨོསི་ཊརེ་ལི་ཡའི་ སྦུལུ་མའོན་ཊེན་ (Blue Mountain City Council) གྲོང་སྡེ་སྤྱི་ཁྱབ་ལས་ཁུངས་ཀྱིས་གྲོང་ཁྱེར་དེའི་དཀྱིལ་དབུས་སུ་ཉིན་གསུམ་རིང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཞུས་འདུག