ཨ་རི་དང་རྒྱ་གར་གྱི་དབུ་ཁྲིད་རྣམ་གཉིས་ཕོ་བྲང་དཀར་པོར་མཇལ་འཕྲད་ཐོག་མ་གནང་བའི་སྐོར།

ཨ་རི་དང་རྒྱ་གར་གྱི་དབུ་ཁྲིད་རྣམ་གཉིས་ཕོ་བྲང་དཀར་པོར་མཇལ་འཕྲད་ཐོག་མ་གནང་བའི་ཐད་ལ་དཔྱད་གཞིའི་གླེང་མོལ་ཞུས་པར་གསན་རོགས་གནང་།
2025.02.17
ཨ་རི་དང་རྒྱ་གར་གྱི་དབུ་ཁྲིད་རྣམ་གཉིས་ཕོ་བྲང་དཀར་པོར་མཇལ་འཕྲད་ཐོག་མ་གནང་བའི་སྐོར། ཨ་རི་དང་རྒྱ་གར་གྱི་དབུ་ཁྲིད་རྣམ་གཉིས་ཕོ་བྲང་དཀར་པོར་མཇལ་འཕྲད་རྗེས་གསར་འགོད་ལྷན་ཚོགས་སྐབས། ༢༠༢༥།༢།༡༣
AP

ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་(Donald Trump)མཆོག་གིས་སྲིད་འཛིན་གྱི་ལས་ཡུན་གཉིས་པའི་དམ་འབུལ་གནང་པའི་རྗེས། ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་དང་རྒྱ་གར་གྱི་སྲིད་བློན་ན་རེན་དྲ་མོ་དྷིས་རྣམ་གཉིས་ཕོ་བྲང་དཀོར་པོར་མཇལ་འཕྲད་ཐོག་མ་གནང་ཡོད་པ་དང་། དབུ་ཁྲིད་རྣམ་གཉིས་ཀྱིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཞི་བདེ་དང་། དཔལ་འབྱོར་འཕེལ་རྒྱས། བརྟན་ལྷིང་བཅས་ཡར་རྒྱས་གཏོང་རྒྱུའི་མོས་མཐུན་བྱུང་པའི་སྐོར་བསྐྱར་ནན་གནང་ཡོད་ལ། (Quad)་ཞེས་པའི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཐོག་ཨ་རི་དང་། རྒྱ་གར། ཉི་ཧོང་། ཨོསི་ཊརེ་ལི་ཡ་(Australia)་བཅས་ཀྱི་དམག་དོན་ཐབས་བྱུས་མཐུན་ཚོགས་ཀྱི་ལས་འགན་དང་གལ་གནད་སྐོར་ལའང་ནན་བརྗོད་དང་དམིགས་བསལ་གྱི་ལས་འགན་ཐོག་ནན་བཤད་གནང་ཡོད། བདུན་ཕྲག་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་དང་། རྩོམ་སྒྲིག་འགན་འཛིན་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་དེའི་ཐད་དཔྱད་གཞིའི་གླེང་མོལ་ཞུས་པར་གསན་རོགས་གནང་།།


རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎