ཟླ་བ་ལྔའི་རིང་དར་གོས་ཚོང་ལམ་དང་འབྲེལ་བའི་འགྲེམས་སྟོན།
དབྱིན་ཡུལ་ནང་ (The British Museum) དབྱིན་ཇིའི་འགྲེམས་སྟོན་ཁང་དུ་ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ཟླ་མཇུག་ནས་བཟུང་དུས་ཡུན་ཟླ་བ་ལྔའི་རིང་དར་གོས་ཚོང་ལམ་དང་འབྲེལ་བའི་འགྲེམས་སྟོན་ཞིག་བྱེད་བཞིན་ཡོད་པའི་ནང་། ལོ་གཉིས་ཙམ་གྱི་གོང་ནས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་ཏེ་དྲིལ་བསྒྲགས་བྱེད་བཞིན་པ་བོད་ལ་དབྱིན་ཇིའི་སྐད་ཡིག་ནང་ (Tibet or Xizang Autonomous Region) ཞེས་བོད་དམ་ཤི་ཙང་རང་སྐྱོང་ལྗོངས་ཟེར་བྲིས་ཏེ་བོད་དང་འབྲེལ་བའི་བོད་ཀྱི་ཆོས་དང་རིག་གཞུང་གི་གནའ་རྫས་མང་དག་ཅིག་འགྲེམས་སྟོན་བྱས་ཡོད་པ་མ་ཟད། དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་ནག་གོང་མར་ལག་རྟགས་སུ་གནང་པའི་ཅ་དངོས་་ཀྱི་ཁ་བྱང་དུའང་ཤི་ཙང་རང་སྐྱོང་ལྗོངས་སོགས་བྲིས་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། དབྱིན་ཡུལ་ནང་གི་ (Global Alliance for Tibet & Persecuted Minorities) ཞེས་རྒྱལ་སྤྱིའི་བོད་དོན་མནའ་འབྲེལ་དང་བཙན་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།