ཆིང་ཀང་གོ་གནས་ནས་མེད་པ་བཟོས་པ་དང་། རྒྱ་ནག་གི་དཔལ་འབྱོར་གནས་བབ་ཐད་དཀའ་ངལ།
2023.07.31
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་གློ་བུར་དུ་གོ་གནས་ནས་མེད་པ་བཟོས་པ་དང་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་གྱི་གནས་བབ་ཐད་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་རྒྱ་ནག་གི་ཐབས་བྱུས་ལ་འགྱུར་བ་ཁག་ཅིག་འགྲོ་བཞིན་ཡོད་པ་རེད། ཐེངས་འདིའི་བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། འཛམ་གླིང་རྒྱལ་ཁབ་ཁག་གིས་སོ་སོའི་གཞུང་གི་ལམ་ལུགས་དང་། དཔལ་འབྱོར་འཕེལ་རིམ། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་པར་ཉེན་འགན་གསར་པ་ཇི་འཕྲད་ཐད་དྭོགས་ཟོན་བྱེད་གཞིར་ཇི་ལྟར་འགྱུར་བཞིན་ཡོད་མེད་ཐད་བཀྲིས་དབང་ཕྱུག་ལགས་དང་། བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གླེང་མོལས་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།