རྒྱ་སྒྱུར་སློབ་གསོ་དང་གཞི་རྒྱ་ཆེན་པོའི་འཛིན་བཟུང་ལ་ཞི་བའི་ངོ་རྒོལ།
2020.11.18

ལྷོ་སོག་གི་སོག་པོ་གཙོ་བོ་ཡིན་པའི་བོད་དང་ཡུ་གུར་བ་བཅས་ཀྱིས་ཉི་ཧོང་གི་རྒྱལ་ས་ཊོག་ཀྱོ་རུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་མདུན་དུ་རྒྱ་ནག་གཞུང་གི་རྒྱ་སྒྱུར་སློབ་གསོ་དང་གཞི་རྒྱ་ཆེན་པོའི་འཛིན་བཟུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། ད་ལོའི་ཟླ་དགུ་པ་ནས་ད་བར་དུ་སོག་པོ་བརྒྱད་སྟོང་ནས་ཆིག་ཁྲི་འཛིན་བཟུང་བྱས་ཡོད་པའི་སྐོར་སྟག་ལྷ་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་རྒྱང་སྲིང་ཞུས་པ་གསན་རོགས་གནང་།