གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཛ་དྲག་གིས་གདོང་ལེན་གནང་དགོས།
2020.11.21
དེ་རིང་གི་བོད་ཀྱི་ཁོར་ཡུག་ཞེས་པའི་ལེ་ཚན་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་གི་དབུ་ཁྲིད་ཚོས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཛ་དྲག་གིས་གདོང་ལེན་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་།དེ་བཞིན་ཚན་རིག་ཉམས་ཞིབ་པ་ཚོས་བོད་མཐོ་སྒང་གི་མདོ་ལ་རི་བརྒྱུད་ཀྱི་འཁྱགས་རོམ་གྱི་བཞུར་ཚད་ནི་ཧ་ཅང་གི་མཐོ་པོ་སླེབས་ཏེ་ཁུལ་དེའི་འཁྱགས་རོམ་རིམ་པས་ཡལ་འགྲོ་ཡི་ཡོད་པ་གསལ་སྟོན་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་བཅས་ཚེ་དབང་ནོར་བུ་ལགས་ཀྱིས་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།