ནང་པའི་ལྟ་གྲུབ་དང་དེང་རབས་ཚན་རིག་དབར་གྱི་མཐུན་ཕྱོགས་དང་མི་མཐུན་པའི་ཕྱོགས་ཞེས་པའི་བགྲོ་གླེང་ཚོགས་འདུ།

2024.10.05
ནང་པའི་ལྟ་གྲུབ་དང་དེང་རབས་ཚན་རིག་དབར་གྱི་མཐུན་ཕྱོགས་དང་མི་མཐུན་པའི་ཕྱོགས་ཞེས་པའི་བགྲོ་གླེང་ཚོགས་འདུ།
GTSU

རྒྱལ་སྤྱིའི་བོད་ཀྱི་སློབ་མའི་མཐུན་ཚོགས་དང་ཆོས་འཕེལ་མེ་ཏོག་ (Flowering Dharma) ཞེས་པའི་ཚོགས་པ་ཟུང་སྦྲེལ་གྱིས་ཕྱི་ལོ ༢༠༢༤ ཟླ་  ཚེས ༢༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ནང་པའི་ལྟ་གྲུབ་དང་དེང་རབས་ཚན་རིག་དབར་གྱི་མཐུན་ཕྱོགས་དང་མི་མཐུན་པའི་ཕྱོགས་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད་ཅིང་།  དེར་བོད་ཕྲུག་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སློབ་ཕྲུག་བཅས་ཀྱིས་མཉམ་ཞུགས་གནང་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།    ༡) རྒྱལ་སྤྱིའི་བོད་ཀྱི་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཟླ་བ་སྒྲོལ་མ་ལགས་དང་།   ༢) ལྡི་ལི་གཙུག་ལག་སློབ་ཆེན་གྱི་སློབ་མ་ཀརྨ་ངག་དབང་སྒྲོལ་མ་ལགས།  ༣) ལ་དྭགས་ནས་ཕེབས་པའི་མཐོ་སློབ་ཀྱི་སློབ་མ་བསྟན་འཛིན་དབང་པོ་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎