རྒྱ་ནག་གཞུང་གིས་ཁས་ལེན་མ་བྱས་པ།


2013.10.25

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ཚོགས་འདུའི་ཚོགས་ཞུགས་རྒྱལ་ཁབ་མང་པོས་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བཟང་དུ་གཏོང་དགོས་པའི་ནན་སྐུལ་བྱས་ཡོད་པར་རྒྱ་ནག་གཞུང་གིས་ཁས་ལེན་བྱས་མེད་པ་རེད།

དེ་ཡང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ཚོགས་ཐེངས་༡༧པའི་ཐོག་ཚོགས་ཞུགས་ཡུལ་གྲུ་མང་པོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་སྐྱོན་བརྗོད་དང་། བསམ་འཆར་བཏོན་ཡོད་པ་དང་།  དེར་རྒྱ་ནག་གཞུང་གིས་རང་ཡུལ་གྱི་གནས་བབ་དང་མཐུན་པའི་ཐོག་ནས་བསམ་འཆར་ཁག་ལ་ཉན་ཞིབ་བྱ་རྒྱུ་ཡིན། ཡིན་ན་ཡང་། རྒྱ་ནག་གི་ནང་སྲིད་དང་འབྲེལ་བའི་ཁྲིམས་འཛིན་ལམ་ལུགས་རིགས་ཀྱི་ཐོག་སྐྱོན་བརྗོད་བྱེད་རྒྱུ་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་པས་དེར་ཁས་ལེན་བྱེད་ཐབས་མེད་པ་དང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་དང་། འཕེལ་རྒྱས་རིམ་པ་བཏང་ཡོད་པས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གང་འདྲ་ཡོད་མེད་རྒྱ་ནག་ནང་ཡོད་པའི་མི་མང་ཚོར་ཤེས་རྟོགས་གསལ་ཤོས་ཡོད་པ་སོགས་བཤད་ཡོད་འདུག

རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་ཁེ་ཎ་ཌ་དང༌།  ཅེཀ་སྤྱི་མཐུན་རྒྱལ་ཁབ་།  ཕ་རན་སི། འཇར་མན་ནེ།  ཉི་ཧོང་།  ནིའུཛི་ལེནྜི་།  པོ་ལེནྜི་།  སའི་ཛར་ལེནྜི་།  ཨ་མི་རི་ཀ་།  དབྱིན་ཡུལ་།  ཨའེསེ་ལེནྜི་རྒྱལ་ཁབ་བཅས་ཀྱིས་ཚོགས་ཐོག་ཏུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་བློ་འཚབ་ཡོད་ཚུལ་དང་། རྒྱལ་ཁབ་དེ་དག་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཚོའི་ཆོས་དད་རང་དབང་དང་། རིག་གཞུང་སྲུང་སྐྱོབ་། སྨྲ་བརྗོད་རང་དབང་སོགས་སྲུང་སྐྱོབ་ཆེད་དགོས་ངེས་ལམ་སྲོལ་ལག་ལེན་བསྟར་དགོས་པའི་རྒྱབ་གཉེར་ཞུས་གནང་བ་སྦྲགས་གནས་ཚུལ་ངོ་མ་ཞིོབ་རྟོགས་ཆེད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དབུ་འཛིན་བོད་ནང་གཟིགས་སྐོར་གྱི་མཐུན་འགྱུར་བསྐྲུན་དགོས་ལུགས་ནན་བརྗོད་གནང་འདུག། ད་དུང་ནིའུ་ཛི་ལེནྜི་དང་། ཨ་མི་རི་ཀ་གཉིས་ཀྱིས་བོད་རྒྱའི་འབྲེལ་མོལ་སྐོར་གླེང་སྐབས་ནིའུ་ཛི་ལེནྜི་རྒྱལ་ཁབ་ཀྱིས་བོད་མིའི་མངོན་འདོད་འགྲུབ་ཆེད་མིང་དོན་མཚུངས་པའི་གྲོས་མོལ་བསྐྱར་གསོ་དགོས་ལུགས་དང༌།  ཨ་མི་རི་ཀས་རྒྱ་ནག་དང་༧གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་དབར་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ཐད་ཀར་གྲོས་མོལ་བསྐྱར་གསོའི་དགོས་འདུན་ཡིག་ཐོག་ཕུལ་ཡོད་འདུག དེའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་སྐུ་ཚབ་ཞུས་སྟེ་བོད་མིར་རྒྱབ་སྐྱོར་གནང་མཁན་ཚོགས་ཞུགས་རྒྱལ་ཁབ་ཚོར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎