འོས་བསྡུ་སླར་ཡང་གནང་དགོས་བྱུང་།
2014.05.01

གཞུང་འབྲེལ་དྲ་གནས།
༄༅། །ལྷོ་ཨེ་ཤེ་ཡའི་ལེ་ཚན་ནང་། ཨཕ་གྷ་ཎི་སེ་ཐན་ནང་། ཕྱི་ཟླ་༤ཚེས་༥ཉིན་གནང་བའི་སྲིད་འཛིན་འོས་བསྡུའི་སྐབས། འོས་མི་སུ་ཞིག་ལའང་བརྒྱ་ཆ་༥༠བརྒལ་ནས་མང་མོས་རྒྱལ་ཁ་ཐོབ་མེད་པར་སོང་། ད་ཆ་འོས་གྲངས་མང་ཤོས་ཐོབ་པའི་འོས་མི་རྩེ་ཏོག་བརྒྱབ་པ་གཉིས་ཀྱི་ཁྲོད་བསྐྱར་དུ་འོས་བསྡུ་གོ་སྒྲིག་ཀྱིས། སྲིད་འཛིན་འོས་འདེམས་གནང་རྒྱུ་ཡིན་པའི་སྐོར་བློ་བཟང་ཡེ་ཤེས་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།།