ཚད་མའི་དགུན་ཆོས་ཆེན་མོ་ཚོཊ་བཞིན་པ།


2013.10.17
རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་’’་ཚད་མའི་དགུན་ཆོས་ཆེན་མོ་’’ཐེངས་བདུན་པ་ཚོགས་བཞིན་པ། ཚད་མའི་དགུན་ཆོས་ཆེན་མོ་ཚོཊ་བཞིན་པ།
པར། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་།

ཉིན་འདི་ཚོར་ལོ་ཤས་ནང་སྔོན་འཆར་ལྟར་ཚོགས་ཐུབ་མེད་པའི་ཚད་མའི་དགུན་ཆོས་ཆེན་མོ་མདོ་སྨད་རྔ་བ་ཁུལ་རྒྱ་རོང་ཚོ་བདུན་ཀིརྟི་དགོན་དུ་ཚོགས་བཞིན་པ་རེད་འདུག

དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཟླ་བ་འདིའི་ཚེས་༥་ཉིན་ནས་བོད་མདོ་སྨད་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དུ་མ་དགོན་ཀིརྟི་དགོན་པའི་འོག་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་བདུན་པ་དབུ་འཛུགས་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དོགས་གཞིའི་འོག་གནད་དོན་འདྲ་མིན་ལ་ཁ་གཡར་ཏེ་བཀག་འགོག་བྱས་པའི་རྐྱེན་གྱིས་འཆར་གཞི་དང་། ལམ་ལུགས་གཞིར་བཟུང་རྒྱས་པོ་ཞིག་ཚོགས་ཐུབ་མེད་པའི་སྐོར་བཞུགས་སྒར་དུ་ཡོད་པའི་ཀིརྟི་དགོན་པའི་འབྲེལ་ཡོད་ནས་འགྲེལ་བརྗོད་གནང་ཡོད། དགུན་ཆོས་འདི་བཞིན་ཉིན་གྲངས་ཉི་ཤུའི་རིང་ཚོགས་ཀྱི་ཡོད་པ་དང་། ད་རེས་ཐེངས་བདུན་པ་དེ་བཞིན་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་ཚོགས་གནང་ཡོད་པ་དང་། གྲ་སྒྲིག་གནང་མཁན་ཡང་ཀིརྟི་དགོན་པའི་ཚད་མའི་དགུན་ཆོས་ཆེ་མོའི་གྲྭ་སྒྲིག་ཚོགས་ཆུང་དང་། དད་ལྡན་སྤྱིན་བདག་ཁག་ཅིག་ཡོད་འདུག

དགུན་ཆོས་དེ་བཞིན་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་དང་། རྔ་པ་ཀིརྟི་དགོན། ཚོ་བདུན་ཀིརྟི་དགོན། ཧོར་ཚང་ཀིརྟི་དགོན་བཅས་བཞི་ནས་ལོ་ལྟར་རེས་མོས་ཀྱིས་གྲྭ་སྒྲིག་གནང་བའི་ལམ་སྲོལ་ཡོད་འདུག ཚད་མའི་དགུན་ཆོས་འདིའི་རིང་དགེ་འདུན་པ་ཤིན་ཏུ་མང་པོ་གདན་ས་གཅིག་ཏུ་འཛོམས་གནང་ནས་ཚད་མའི་གཞུང་ལ་ཐོས་བསམ་སློབ་གཉེར་གནང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཀྱང་ཆགས་ཀྱི་ཡོད་པ་མ་ཟད་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་། དེ་བཞིན་གོང་འཕེལ་གཏོང་ཐབས་ལའང་ཕན་རླབས་ཆེན་པོ་ཡོང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎