བོད་ཡིག་སློབ་ཁྲིད་ཐད་དཀའ་ངལ།
2017.01.31

བོད་ནས་བཏང་འབྱོར།
༄༅། །དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་ཉེ་ཆར་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཆབ་སྲིད་གྲོས་ཚོགས་ཚོགས་སྐབས་བོད་པའི་འཐུས་མི་ཞིག་གིས་གྲན་རྡུ་གྲོང་ཁྱེར་ནང་ཡོད་པའི་བོད་ཕྲུག་ཚོར་བོད་ཡིག་སློབ་སྦྱོང་གི་གོ་སྐབས་སྐྲུན་དགོས་པའི་བསམ་འཆར་བཏོན་ཡོད་པའི་གནད་དོན་ཐོག་ནས་བོད་ཆོལ་ཁ་གསུམ་ནང་བོད་ཡིག་སློབ་ཁྲིད་ཐད་རིམ་པས་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་ལ་གློང་མོལ་ཞུས་པ་ཞིག་གསན་རོགས་གནང་།