གསར་འགྱུར་ཡིག་ཚགས།
2024-08-05
དར་མདོ་གྲོང་ཁྱེར་སྒོ་ལྕགས་གྲོང་ཚོ་དང་གུ་བྲག་གྲོང་ཚོའི་ཉེ་འགྲམ་དུ་ཆར་ཞོད་ཀྱིས་གློ་བུར་ཆུ་ལོག་དང་འདམ་རུད་ཀྱི་གོད་ཆགས་བྱུང་སྟེ། ཟམ་པ་རྡིབ་སྐྱོན་དང་ཉེ་འཁོར་ཁང་པ་སོགས་ལ་གཏོར་བཤིག་ཐེབས་པར་བརྟེན་མི་གྲངས་མང་པོ་རྐྱེན་འདས་སུ་ཕྱིན་ཡོད་པ།
2024-08-03
ཞོ་སྟོན་གྱི་དུས་ཆེན་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཟའ་འཁོར་གཅིག་ཙམ་རིང་གཞུང་ལམ་ཁག་ཅིག་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་འདུག
2024-08-02
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་པ་ནི་རྒྱ་ནག་གཞུང་གི་དམ་དྲག་འོག་བོད་ནས་སློབ་ཕྲུག་ཡོང་མཁན་ཉུང་དུ་ཕྱིན་པ་དང་། བཙན་བྱོལ་བོད་མིའི་མི་འབོར་ཉུང་དུ་ཕྱིན་པར་བརྟེན་ནས་ཡིན་པ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་དཔལ་ཁང་ཉི་མ་དོན་གྲུབ་ལགས་ཀྱིས་གསུངས་བྱུང་།
2024-08-02
རྒྱ་ནག་གཞུང་གིས་རྔ་བ་ཁུལ་རྔ་བ་རྫོང་ཀིརྟི་དགོན་པའི་སློབ་གྲྭ་བཙན་ཐབས་ཀྱིས་སྒོ་བརྒྱབ་བཅུག་སྟེ། ལོ་ན་ ༦ ནས་ ༡༤ བར་གྱི་སློབ་ཕྲུག་ ༢༠༠ ལྷག་རྔ་བ་རྫོང་གི་གཞུང་གཉེར་སློབ་གྲྭ་ཁག་ཏུ་བཏང་ཡོད་པ།
2024-08-01
རྒྱ་ནག་དམར་ཤོག་ཚོགས་པ་སྲ་བརྟན་ཐུབ་མིན་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ལ་ཐུག་ཡོད་པས་ཞི་ཅིན་ཕིན་གྱིས་གལ་ཆེར་བརྩི་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་གི་འདུག
2024-08-01
བོད་མི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ད་ཆ་ཧྥ་རན་སིའི་ནང་ཚོགས་བཞིན་པའི་ཨོ་ལིམ་པིཀསི་རྩེད་འགྲན་ཁྲོད་ཕྱི་ཟླ་ ༨ ཚེས་ ༧ ཉིན་སྐྱེས་པ་དང་བུད་མེད་མཉམ་བསྲེས་ཀྱི་འདུར་རྒྱུག་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་འདུག