གསར་འགྱུར་ཡིག་ཚགས།
2024-06-16
རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་དྲ་རྒྱའི་ཐོག་སྤེལ་བའི་གཞུང་འབྲེལ་གསལ་བསྒྲགས་དེའི་ནང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས། རིག་གནས་ལོ་རྒྱུས་དང་ཤེས་ཡོན་ལྷན་ཁང་གི་འགན་འཛིན་ཝུའུ་གཡིང་ཇེ་ཡིས་སྒྲིག་ཁྲིམས་སྒྲིག་སྲོལ་དང་འཚབ་ཆེ་འགལ་བའི་རྐྱེན་གྱིས་ད་ལྟའི་ཆར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཞིབ་བཤེར་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཀོད་འདུག
2024-06-14
ཡོ་རོབ་མཐུན་ཚོགས་ཀྱི་དཔོན་རིགས་ཚོས་ད་རེས་བོད་ནང་འཚམས་གཟིགས་དང་མཉམ་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་བྱུང་།
2024-06-13
ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་གཟིགས་སྐོར་དུ་ཕེབས་རྒྱུ་དང་སྐབས་དེར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ལ་རྟོག་ཞིབ་གནང་འཆར་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
2024-06-12
དེང་སྐབས་རྒྱ་གར་གྱིས་རྒྱ་ནག་ཐོག་རྒོལ་ལན་སློག་པའི་འཐབ་ཇུས་དེ་ལས་རྒྱ་གར་གྱིས་བོད་དོན་བསྐྱར་ཞིབ་ཀྱི་སྣེ་ཁྲིད་ཀྱིན་ཡོད་པར་ངོས་འཛིན་གནང་ཡོད་པ།
2024-06-12
ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་ཡང་བསྐྱར་བགྲོ་གླེང་རྗེས་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་བྱུང་འདུག
2024-06-08
རྒྱ་ནག་གཞུང་འབྲེལ་གྱི་མི་འབོར་གྲངས་ཀ་གཞིར་བཟུང་གིས་རྒྱ་ནག་ནང་མི་གྲངས་ཉུང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ཁག་ཅིག་ཐད་དབྱེ་ཞིབ་དང་འབྲེལ་བོད་ནང་དུའང་འབྱུང་འགྱུར་མི་གྲངས་ཉུང་དུ་འགྲོ་བའི་ཉེན་ཁ་ཡོང་བཞིན་པ།
2024-06-07
བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གོམ་བགྲོད་ལས་འགུལ་སྐབས་བོར་བརླག་སོང་ནས་ད་བར་ལོ་ངོ་༡༡འགོར་ཡོད་ཀྱང་གནས་སྟངས་ཁ་གསལ་མེད་པར་ལྷག་འདུག
2024-06-07
གངས་རི་དེ་ལ་བོད་མི་ཚོས་གནས་རི་རྩ་ཆེ་ཞིག་ལ་བརྩི་དགོས་དོན་དང་གངས་རི་དེའི་ཁོར་ཡུག་གནས་སྟངས།
2024-06-05
ཉེ་ལམ་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་སྤྱི་མོས་ཀྱི་རྒྱབ་སྐྱོར་གཏན་འབེབས་བྱུང་ཡོད་པ་བཞིན་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁེ་ན་ཌའི་ནང་ཡང་ཁྲིམས་འཆར་དེ་འདྲ་བ་ཞིག་བཏོན་ཐུབ་མིན་སྐོར་གླེང་བ།
2024-06-04
རྒྱ་ནག་གཞུང་གིས་བོད་ནང་གི་འཁྱག་རོམ་ཞུར་ནས་འཐུང་ཆུ་བཟོ་བའི་བཟོ་གྲྭ་བཙུགས་ཏེ་ས་གནས་ཡུལ་མི་རྣམས་གནས་སྤོ་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པའི་གནས་ཚུལ།
2024-06-01
བོད་པའི་བུ་ཕྲུག་སློབ་ལོ་སོན་པ་ནས་ལོ་ན་ ༡༨ ཙམ་བར་གྱི་གྲངས་འབོར་བརྒྱ་ཆ་ ༨༠ ཙམ་རྒྱ་ནག་གཞུང་གིས་གཉེར་པའི་གཏན་འཇགས་སློབ་གྲྭའི་ནང་བཅུག་སྟེ་བོད་ཀྱི་མི་རབས་རྗེས་མའི་ཐོག་རྒྱ་བསྒྱུར་གྱི་སྲིད་བྱུས་འཛིན་གྱི་ཡོད་པ།
2024-06-01
བོད་ཀྱི་ནག་ཆུ་ས་ཁུལ་དུ་འགུལ་ཚད་ ༥།༧ ཅན་གྱི་ས་ཡོམ་རྒྱབ་ཡོད་པ་ཨ་རིའི་ས་གཞི་དཔྱད་རིག་པས་ཐོ་འགོད་བྱས་འདུག་ཀྱང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ལྟར་ན། འགུལ་ཚད་ ༥།༩ རྒྱབ་ཡོད་པའི་གནས་ཚུལ་སྤེལ་འདུག
2024-06-01
བོད་ཀྱི་གཞིས་ཀ་རྩེ་གནམ་ཐང་དུ་ཧ་ཅང་གི་ཚད་མཐོའི་ J 20 ཞེས་པའི་མཁའ་དམག་གི་གནམ་གྲུ་གྲངས་དྲུག་འགྲེམས་འཇོག་བྱས་པ།