བོད་ཀྱི་ཁོར་ཡུག་ལ་གནོད་འཚེ།
2023.12.29

བོད་འབྱོར།
ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་།
རྒྱ་ནག་གཞུང་གིས་ཉེ་ཆར་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་དུ་རྒྱ་ནག་ལ་གཏོང་རྒྱུའི་གློག་གི་ནུས་ཤུགས་བསྐྲུན་ཐུབ་པའི་ཆེད་ཉི་འོད་ནུས་པའི་གློག་ཤུགས་གི་ལས་གཞི་འགོ་འཛུགས་བྱས་ཡོད་པ་ལྟར་། དེང་སྐབས་བོད་ཆོལ་ཁ་གསུམ་གྱི་ནང་རྒྱ་ནག་གཞུང་གིས་ཉི་འོད་ནུས་པའི་གློག་ཤུགས་མཁོ་འདོན་བྱེད་ས་འཛུགས་བཞིན་ཡོད་པ་དེས་བོད་ཀྱི་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེ་བཟོ་བ་དང་ས་གནས་བོད་མིར་ཁེ་ཕན་མེད་པའི་ལས་གཞི་ཞིག་ཡིན་པ་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་གཡུ་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་གི་རེདགསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།