ས་ཡོམ་འགུལ་ཤུགས་ཆེ་ཆུང་རྩིས་སྟངས་དང་བོད་དིང་རི་རྫོང་ཁོངས་ཀྱི་ས་ཡོམ།

2025.01.18
ས་ཡོམ་འགུལ་ཤུགས་ཆེ་ཆུང་རྩིས་སྟངས་དང་བོད་དིང་རི་རྫོང་ཁོངས་ཀྱི་ས་ཡོམ།
སྒྲིག་བཟོ།

བོད་དིང་རིང་རྫོང་ཁོངས་སུ་ཕྱི་ཟླ་ ༡ ཚེས་ ༧ ཉིན་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་རྒྱ་ནག་གཞུང་གི་གྲངས་ཐོ་ལྟར་ན་མི་ ༡༢༦ རྐྱེན་འདས་ཕྱིན་པ་དང་ ༣༣༧ ལ་རྨས་སྐྱོན་ཕོག་ཡོད་པ་རེད།  འདི་སྐོར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་༧ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་ས་ཁམས་རིག་པའི་སློབ་དཔོན་ལས་རོགས་ངག་དབང་བསྟན་དར་ལགས་སུ་བཀའ་དྲི་ཞུས་པར།  ས་ཡོམ་གྱི་ཤུགས་ཚད་འཇལ་སྟངས་ཀྱི་ཐོག་ནས་འགུལ་ཚད་ ༦.༩ ཡན་འདི་ས་ཡོམ་འགུལ་ཤུགས་ཆེ་བའི་ཁོངས་སུ་ས་ཁམས་རིག་པ་བ་དང་ས་ཡོམ་དཔྱད་རིག་པ་ཚོས་བརྩི་ཡི་ཡོད་པ་ལྟར།   རྒྱ་ནག་གཞུང་གིས་བསྒྲགས་པའི་དིང་རིར་ས་ཡོམ་གྱི་འགུལ་ཚད་ ༦.༨ བྱུང་ཚུལ་བཤད་པ་འདི་ནི་རོགས་སྐྱོར་ཤུགས་ཆེན་བྱེད་མི་དགོས་པའི་བསམ་འདུན་བཅང་པ་ཞིག་ཡིན་པ་དང་།  ས་ཡོམ་གྱི་གནོད་འཚེ་ཕོག་སྟངས་ལ་གཞིགས་ན།  ཨ་རིའི་གྲངས་ཚད་འཇལ་བ་འདི་བདེན་པ་ཡིན་པ་སྣང་གི་འདུག་ཅེས་དང་།  དེ་ཡང་རྒྱལ་སྤྱིའི་ཁྲོད་བོད་ནང་གི་གནོད་འཚེ་ཚབས་ཆེན་བྱུང་པ་འདི་འོས་འཚམས་མི་བརྗོད་པའི་རྣམ་པར་གྱུར་པ་ངོས་འཛིན་གནང་གི་འདུག 

Dingri map.png
བོད་དིང་རིང་རྫོང་ཁོངས་སུ་ཕྱི་ཟླ་ ༡ ཚེས་ ༧ ཉིན་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་པ། པར་དབང་། མཚོ་ཕུ་ལུང་ཤར་བ་ཚེ་རིང་དབང་རྒྱལ།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ས་ཁམས་རིག་པ་བ་ངག་དབང་བསྟན་དར་ལགས་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ངེས་སྟོན་པ་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎