མཚོ་སྔོན་གྱི་ས་ཁུལ་ཁག་ནང་མི་གྲངས་ས་ཡ་གཅིག་དང་ཕྱེད་ཀ་ཙམ་གྱི་མིག་རིལ་གྱི་ཕྱི་ལྤགས་པར་ལེན་བྱེད་ཡོད་པ།
2022.12.27

CitizenLab
བོད་མདོ་སྨད་མཚོ་སྔོན་གྱི་ས་ཁུལ་ཁག་ནང་མི་གྲངས་ས་ཡ་གཅིག་དང་ཕྱེད་ཀ་ཙམ་གྱི་མིག་རིལ་གྱི་ཕྱི་ལྤགས་པར་ལེན་བྱེད་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་ཡིག་ཆ་དང་ཡོངས་ཁྱབ་ཡིག་ཆ་ཁག་ནས་ཤེས་རྟོགས་བྱུང་པ། ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་ཆེན་གྱི་ཉམས་ཞིབ་ཚན་པ་ CitizenLab གྱི་ཉམས་ཞིབ་པ་ཨེམིལི་ཌརྐསི་ལགས་ཀྱིས་སྙན་ཐོ་རྒྱས་པ་ཞིག་བཏོན་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། སྙན་ཐོ་འདིའི་ནང་ཞོགས་འདེགས་ཉམས་ཞིབ་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག