ནུབ་བྱང་མི་རིགས་སློབ་གླིང་གི་སློབ་སྤྱི་གཞོན་པ་ཟུར་པ་རྒྱལ་ཚང་སྙིང་བོ་རྒྱལ་གྱི་མི་ཚེའི་ལོ་རྒྱུས།
2023.10.13

༄༅། ཐེངས་འདིའི༼བོད་རྒྱའི་སྐབས་དོན་གླེང་བ༽ཞེས་པའི་ལེ་ཚན་ནང་། ནུབ་བྱང་མི་རིགས་སློབ་གླིང་གི་སློབ་སྤྱི་གཞོན་པ་ཟུར་པ་རྒྱལ་ཚང་སྙིང་བོ་རྒྱལ་གྱི་མི་ཚེའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་ཤིག་དང་སྦྲགས་ནས། ཁོང་གིས་བླ་བྲང་དགོན་པའི་རྟེན་དང་བརྟེན་པ་སྲུང་སྐྱོབ་བྱས་ཚུལ་དང་བོད་ཡིག་གི་ཟླ་དེབ་ཐོག་མ་སྟེ༼འབྲོག་པའི་འཚོ་བ༽པར་བསྐྲུན་བྱས་པ་སོགས་ཀྱི་སྐོར། སྟག་ལྷ་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཤེས་ཡོན་སློབ་གསོའི་ཐད་ལག་རྗེས་ཆེན་པོ་འཇོག་མྱོང་མཁན་རྒྱལ་ཚང་སྙིང་བོ་རྒྱལ་ལགས་དགུང་གྲངས་༩༣སྟེང་ལན་གྲུ་ནས་སྐུ་གྲོངས་ཡོད་པ།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག