རྡོ་རྗེ་རིན་ཆེན་ལཊ་བཙོན་ནས་གློད་བཀྲོལ་བྱུང་འདུག


2014.12.03

གངས་སྲོལ་རྒྱུན་རིག་གནས་ཞབས་ཞུ་ཚོཊ་པ་ཆེད་འཛུཊ་མཁན་སློབ་མ་རྡོ་རྗེ་རིན་ཆེན་ལཊ་བཙོན་འཇུག་དུས་ཡུན་མ་རྫོཊ་གོང་གློད་བཀྲོལ་བྱུང་འདུག
འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཕྱི་ལོ་༢༠༡༢ལོར་རྨ་ལྷོ་ཕྱོགས་ཀྱི་ངོ་རྒོལ་ནང་མཉམ་ཞུགས་བྱས་པ་དང་། རང་ལུས་མེར་བསྲེགས་དང་འབྲེལ་བ་ཡོད་པ། དེ་བཞིན་གངས་སྲོལ་རྒྱུན་རིག་གནས་ཞབས་ཞུ་ཚོགས་པ་ཞེས་བ་བཙུགས་པ་བཅས་ཀྱི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་བའི་སློབ་མ་རྡོ་རྗེ་རིན་ཆེན་ནམ་སྨྱུག་མིང་ཞོགས་སྤྲིན་ཞེས་བ་ཕྱི་ཚེས་༢ཉིན་བཙོན་འཇུག་དུས་ཡུན་མ་རྫོཊ་གོང་གློད་བཀྲོལ་བྱུང་འདུག ཁོང་ལ་ལོ་སྔོན་མའི་ཕྱི་ཟླ་ ༢ པའི་ཟླ་མགོ་ཙམ་དུ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་མི་ལོ་ ༢ དང་ཕྱེད་ཀའི་དུས་བཀག་ཁྲིམས་ཐག་བཅད་དེ། མཚོ་སྔོན་ཞིང་ཆེན་ཅན་ཤིན་བཙོན་ཁང་ཞེས་པའི་ནང་བཅུག་ཡོད་འདུག
རྡོ་རྗེ་རིན་ཆེན་ལགས་ནི་རྨ་ལྷོ་ཁུལ་རེབ་གོང་མདོ་བ་ཁྱི་རྔ་སྡེ་བ་ནས་ཡིན་འདུག

གསར་འགོད་པ་ཀླུ་འབུམ།

ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎