མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་འདུའི་ཐོག་བོད་ཀྱི་གནམ་གཤིས་སྐོར་གླེང་སློང་གནང་འཆར་ཇི་ཡོད།
2019.11.21

བོད་དང་རྒྱལ་སྤྱའི་གནས་བབས་ཀྱི་ལེ་ཚན་ནང་རིང་མིན་ཕྱི་ཟླ་༡༢་ཚེས་༢ ནས་༡༣ བར་སེ་པེན་རྒྱལ་ས་མེ་ཌིཊ་ནང་ཚོགས་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུའི་ནང་བོད་ནང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཛ་དྲག་གནས་སྟངས་སྐོར་གླེང་སློང་གནང་འཆར་ཇི་ཡོད་སྐོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དང་ལྷན་དུ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།