ཤིས་ཚང་ཆོས་གྲཊ་རྒྱ་མཚོ་བཙོན་གྲོལ་ཐོབ་པ།


2013.10.21
ཤིས་ཚང་ཆོས་གྲཊ་རྒྱ་མཚོ་བཙོན་གྲོལ་ཐོབ་པ། ཤིས་ཚང་ཆོས་གྲཊ་རྒྱ་མཚོ་བཙོན་གྲོལ་ཐོབ་པ།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བོད་ནས་འབྱོར་བ།

༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་བྱས་པའི་ཀན་ལྷོ་ཀླུ་ཆུ་རྫོང་ཤིས་ཚང་དགོན་པའི་གྲྭ་ཆོས་གྲཊ་རྒྱ་མཚོ་ལཊ་བཙོན་གྲོལ་ཐོབ་ནས་ཕ་ཡུལ་ལ་འབྱོར་སྐབས་ས་གནས་ཀྱི་སེར་སྐྱ་བོད་མི་ཚོས་ཕེབས་བསུ་རྒྱ་ཆེན་བྱས་འདུག

དེ་ཡང་ཕྱི་སྡོད་ཤིས་ཚང་བ་ཁག་གཅིག་གིས་འདི་གར་གནས་ཚུལ་བཏང་དོན། ༢༠༠༨ ལོར་བོད་ཁམས་སྤྱི་ཡོངས་ལ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་དུ་བོད་མི་ཚོས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་སྐབས་འཛིན་བཟུང་བྱས་ཏེ། མི་ལོ་༨ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་ཀླུ་ཆུ་རྫོང་ཤིས་ཚང་སྒར་གསར་དགོན་པའི་གྲྭ་ཆོས་གྲགས་རྒྱ་མཚོ་ལགས། ཟླ་འདིའི་ཚེས་ ༢༡ ཉིན་གྱི་སྔ་དྲོར་ཀན་སུའུ་ལན་ཀྲུའུ་གྲོང་ཁྱེར་གྱི་བཙོན་ཁང་ནས་བཙོན་དུས་ཚང་མེད་ཀྱང་གློ་བུར་བཙོན་གྲོལ་བཏང་ནས་། ཕྱིར་རང་ཡུལ་ཤིས་ཚང་ལ་འབྱོར་སྐབས་ནང་མི་ཉེ་འབྲེལ་དང་ས་གནས་ཀྱི་སེར་སྐྱ་བོད་མི་བརྒྱ་ཕྲག་མང་པོ་འཛོམས་ནས་རྟེན་འབྲེལ་གྱི་ཁ་བཏགས་འཐེན་པ་སོགས་ཕེབས་བསུ་རྒྱ་ཆེན་བྱས་འདུག

༢༠༠༨ལོར་ཁོང་དང་གྲྭ་འཇམ་དབྱངས་བསྟན་པ་གཉིས་ཀྱིས་སྐབས་དེའི་ལས་འགུལ་དང་འབྲེལ་བའི་ནག་ཉེས་ཆ་ཚང་ངོས་ལེན་གནང་ཡོད་པར་བརྟེན་། ལོ་དེའི་ཟླ་༡༡ཚེས་༡༩ཉིན་ཀླུ་ཆུའི་མི་དམངས་ཁྲིམས་ཁང་ནས་གྲྭ་ཆོས་གྲགས་རྒྱ་མཚོར་ལོ་ ༨ དང་། འཇམ་དབྱངས་བསྟན་པར་ལོ་ ༧ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ཡིན་པ་དང་། དེར་བརྟེན་ད་ཐེངས་ཡང་ཁོང་གིས་བཙོན་ཁང་ནང་གི་སྒྲིག་ཁྲིམས་ཡག་པོ་སྲུང་བ་སོགས་ཀྱིས་བཙོན་དུས་མ་ཚང་ཡང་དམིགས་བསལ་བྱས་ནས་བཏང་བ་ཡིན་ཚུལ་འབྲེལ་ཡོད་ནས་འདི་གར་ངོ་སྤྲོད་བྱས་བྱུང་།

རང་ལོ་ ༣༡ཙམ་ཡིན་པའི་གྲྭ་ཆོས་གྲགས་རྒྱ་མཚོ་ལགས་ནི་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་རྒྱ་སྒུར་སྡེ་བ་ནས་ཡིན་པ་དང་། ཆུང་དུས་ནས་ཤིས་ཚང་དགོན་པའི་ཆོས་སྒོར་ཞུགས་ཏེ་སློབ་གཉེར་གནང་ཡོད་འདུག་ལ། ཁོང་དང་མཉམ་དུ་འཇུ་བཟུང་ཁྲིམས་ཐག་བཅད་པའི་གྲྭ་འཇམ་དབྱངས་བསྟན་པ་ལགས་མུ་མཐུད་ལན་ཀྲུའུ་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎