རྒྱ་ནག་གིས་བོད་ཐོག་འཛིན་པའི་རྩ་བའི་སྲིད་ཇུས་དང་ལངས་ཕྱོགས་ཀྱི་བྱུང་རིམ།

2022.03.23
རྒྱ་ནག་གིས་བོད་ཐོག་འཛིན་པའི་རྩ་བའི་སྲིད་ཇུས་དང་ལངས་ཕྱོགས་ཀྱི་བྱུང་རིམ། ༢༠༢༡།༧།༢༢།རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་ལྷ་སར་བསྐྱོད་སྐབས།
ཨེ་པི།

ད་ལྟ་བོད་ནང་དུ་འཕྲད་བཞིན་པའི་དཀའ་ངལ་ཁག་གི་འབྱུང་རྩ་དེ་རྒྱ་ནག་གིས་བོད་ནང་དུ་སྤྱི་ཡོངས་ཀྱི་སྲིད་ཇུས་འཛིན་སྟངས་ལ་རག་ལུས་ཡོད་པ་དང་། ལྷག་པར་དུ་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ནང་གི་སྲིད་ཇུས་ཐད་ཡར་རྒྱས་ཀྱི་རྣམ་པ་གང་ཡང་མེད་པའི་ཁར། དེ་ལས་ལྡོག་སྟེ་ཁོང་གི་དབང་འཛིན་འོག་འགྲོ་བ་མིའི་ཐོབ་ཐང་གནས་བབས་ཇེ་སྡུག་ཏུ་ཕྱིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ཀྱི་ཡོད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་། རྒྱ་ནག་གིས་བོད་ཐོག་རྩ་བའི་སྲིད་ཇུས་ལངས་ཕྱོགས་ཀྱི་བྱུང་རིམ་དང་། དེ་ཡང་རྒྱ་ནག་གིས་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། འཛུགས་སྐྲུན་བཅས་གོང་འཕེལ་གཏོང་བའི་ཐོག་ཞི་བདེ་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས་སྐོར་བརྗོད་ཀྱི་ཡོད་པ་དེ་ཅི་འདྲ་ཞིག་ལ་གོ་དགོས་མིན་གྱི་སྐོར། བོད་ནང་དུ་འཚར་ལོངས་བྱུང་ཞིང་རྒྱ་སྐད་ཐོག་བྱང་ཆ་ཡོད་པ་དེང་སྐབས་སུད་སི་བཞུགས་པའི་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་བློ་བཟང་ཉི་མ་ལགས་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎