སྐུ་ཕུང་ཞུགས་འབུལ་ཟབ་རྒྱས་བྱ་རྒྱུར་དམ་བསྒྲཌ།


2013.10.29
ཨ་དཀོན་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་ཟབ་རྒྱས་བྱ་རྒྱུར་རྒྱ་ནག་གིས་དམ་བསྒྲགས། ཨ་དཀོན་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་ཟབ་རྒྱས་བྱ་རྒྱུར་རྒྱ་ནག་གིས་དམ་བསྒྲགས
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བོད་ནས་བཏང་བ།

ཨ་དཀོན་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་ཟབ་རྒྱས་བྱ་རྒྱུར་རྒྱ་ནག་གིས་དམ་བསྒྲགས་བྱས་ནས་མངོན་མེད་སྟབས་བདེ་མ་གཏོགས་བྱེད་དུ་བཅུག་མེད་པ་རེད།

ཉེ་བའི་ཕྱི་ཟླ་བཅུ་པའི་ཚེས་བརྒྱད་ཉིན་ཨ་དཀོན་རིན་པོ་ཆེ་རྒྱ་ནག་གི་ཁྲིན་འདུ་གྲོང་ཁྱེར་དུ་ཡོད་པའི་གཟིམ་ཁང་དུ་ཁོང་དང་འབྲེལ་བ་ཡོད་པའི་ཐུབ་བསྟན་ཀུན་གསལ་དང་། དེ་མིན་གཞན་མི་སྣ་གསུམ་གྱིས་གྲི་རྒྱབ་ནས་བཀྲོངས་པའི་གནས་ཚུལ་བྱུང་ཡོད་པ་རེད།  ཁོང་ནི་ནུབ་ཕྱོགས་སུ་ནང་པའི་བསྟན་པ་དང་པོ་སྤེལ་མཁན་བོད་ཀྱི་བླ་མའི་གྲས་ཤིག་ཡིན་པ་དང་། ཁོང་གིས་Scotland དྲུང་པ་རིན་པོ་ཆེ་ལྷན་དུ་བསམ་བསྟན་གླིང་དགོན་པ་ཕྱག་བཏབ་ཡོད་པ་དང་། དེ་ནས་ཁོང་གིས་བོད་དང་བལ་ཡུལ་ཁུལ་དུ་གཞན་ཕན་དགེ་རྩའི་ལས་དོན་རྒྱ་ཆེ་སྤེལ་ཡོད་པ་རེད།

ད་ཐེངས་ཁོང་སྐུ་བཀྲོངས་བ་དང་། ཁོང་གིས་སློབ་མ་དང་། དད་ལྡན་པ། རྒྱལ་སྤྱིའི་རོགས་པ་ལས་འགུལ་དང་འབྲེལ་ཡོད་ཚོས་ཁོང་གི་སྐུ་ཕུང་ཞུགས་འབུལ་དེ་ཟབ་རྒྱས་ཀྱི་ཐོག་གོ་སྒྲིག་གནང་རྒྱུའི་འཆར་གཞི་གནང་ཡོད་ཀྱང་། བདུན་སྔོན་མའི་ནང་སྐུ་ཕུང་ཞུགས་འབུལ་དེ་མངོན་གསལ་དོད་པོ་མེད་པའི་ཐོག་ནས་གནང་དགོས་བྱུང་ཡོད་པ་རེད་འདུག  དེའི་ཐད་དབྱིན་ཇིའི་BBCགསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན།  རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོས་ཨ་དཀོན་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་དེ་ཟབ་རྒྱས་ཀྱི་ཐོག་ནས་གནང་རྒྱུ་མེད་པའི་གནོན་ཤུགས་སྤྲད་ནས་ཁོང་གི་སྐུ་ཕུང་ཞུཌ་འབུལ་དེ་གང་མགྱོགས་མངོན་གསལ་དོད་པོ་མེད་པའི་ཐོག་ནས་གནང་དགོས་པའི་བཀའ་བཀོད་བཏང་ཡོད་པ་འཁོད་པ་སྤེལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎