པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༢ལ་ཕེབས་པའི་སྐུའི་འཁྲུངས་སྐར།
2021.04.24

Photo: RFA
༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཕྱི་ཟླ་ ༤ ཚེས་ ༢༥ ཉིན་མོ་འདི་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༢ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་འཁེལ་བ་དང་བསྟུན། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པའི་ད་ལྟའི་གནས་སྟངས་དང་སྐུ་ཕྲེང་ ༡༠ པའི་མཛད་རྣམ་སྐོར་སྤྱི་ཟུར་མོག་རུ་བསྟན་པ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག