པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༠ ཡང་སྲིད་དུ་ངོས་འཛིན་མཛད་ནས་ལོ་ ༢༦ འཁོར་ཡོད་པ།

2021.05.15
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༠ ཡང་སྲིད་དུ་ངོས་འཛིན་མཛད་ནས་ལོ་ ༢༦ འཁོར་ཡོད་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་བོད་ནག་ཆུ་ལྷ་རི་རྫོང་དུ་འཁྲུངས་པའི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༠ ཡང་སྲིད་དུ་ངོས་འཛིན་མཛད་ནས་འདི་ལོ་བགྲང་བྱ་ཧྲིལ་པོ་ ༢༦ འཁོར་ཡོད་པ།
བོད་འགྲེམས་སྟོན་ཁང་།

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་བོད་ནག་ཆུ་ལྷ་རི་རྫོང་དུ་འཁྲུངས་པའི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༠ ཡང་སྲིད་དུ་ངོས་འཛིན་མཛད་ནས་འདི་ལོ་བགྲང་བྱ་ཧྲིལ་པོ་ ༢༦ འཁོར་ཡོད་པ་རེད།  དུས་སྐབས་འདི་དང་བསྟུན་ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༧པཎ་ཆེན་ཨིརྟི་ནི་ཞབས་ཞུ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་བློ་བཟང་རྡོ་རྗེ་ལགས་དང་ལྷན་༧སྐུའི་ཡང་སྲིད་རིན་པོ་ཆེ་ངོས་འཛིན་མཛད་པའི་གནས་སྐབས་སུ་གཞིས་ཀྱི་གདན་ས་བཀྲིས་ལྷུན་པོ་དང་བོད་ནང་གི་སྐབས་དེའི་གནས་སྟངས་ཇི་འདྲ་ཡོད་མེད་དང་། ལྷག་པར་༧པཎ་ཆེན་རིན་པོ་ཆེ་སྐུ་འཁོར་དང་བཅས་པའི་གནས་སྟངས་ཇི་འདྲ་ཡོད་མེད་སོགས་ཀྱི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎